4822

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:41, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲུས་གསོལ་བ་ (1)
Part of speech མིང་ཚིག
Definition དྲི་མ་སོགས་ཆུས་བཀྲུ་བར་བྱེད་པའི་ཞེ་སའི་ཚིག་སྟེ།
Example རྒྱལ་པོས་ཞལ་ཁྲུས་གསོལ་བ། བླ་མས་སྐུ་ཁྲུས་གསོལ་བ་ལྟ་བུའོ། །

{{#arraymap:ཁྲུས་གསོལ་བ་

|; |@@@ | | }}

ཁྲུས་གསོལ་བ་ (2)
Part of speech མིང་ཚིག
Definition མདོ་སྔགས་ཆོ་གའི་སྔོན་འགྲོའི་ཡན་ལག་ཞིག་སྟེ། རིག་འཛིན་ཚན་ཁྲུས་དང། ཁྲུས་གསོལ་བའི་ཡན་ལག་ཞེས་ཡན་ལག་དུ་མ་ཡོད་དོ། །ཡན་ལག་དེ་དག་ལ་བརྟེན་ནས་ཁྲུས་གསོལ་སྟངས་ནི། སྔགས་དང་། ཕྱག་རྒྱ། ཏིང་འཛིན། རྫས། ཚིག་བཤད་དང་ལྔ་ལ་བརྟེན་ནས་གསོལ་བ་སྟེ། ༡. ཁྲུས་ཀྱི་གཟུངས་སྔགས་ནི། གཞུང་སོ་སོ་ན་ཡོད་དོ། །༢. ཁྲུས་ཀྱི་ཕྱག་རྒྱ་ནི། བུམ་པ་རུ་བཅའ་བ་སྟེ། བཅའ་སྟངས་ནི་གུང་མཛུབ་བཞི་འཕྲད་ཅིང། གཞན་དྲུག་ནང་དུ་བཀུམ་ནས་ཐུགས་ཀའི་ཐད་སོ་ནས་སྦྱར་བར་བྱའོ། །༣. ཏིང་འཛིན་ནི། བསམ་པ་རྣམ་དག་གི་ཏིང་འཛིན་གྱིས་ཟིན་པའི་སྒོ་ནས་ཁྲུས་གསོལ་བ་དེའོ། ༤. ཁྲུས་རྫས་ནི། སྨན་ལྔ་སོགས་ཡིན། ༥. ཁྲུས་ཀྱི་ཚིག་བཤད་ནི། གཞུང་སོ་སོ་ན་ཡོད་དོ། །

{{#arraymap:ཁྲུས་གསོལ་བ་

|; |@@@ | | }}