4891
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་ཤིང་སྤྲེལ་ལོ་ཕྱི་ལོ་ ༡༢༨༤ ལོར་དྲུང་གྲུབ་དབང་བྱང་ཆུབ་འབུམ་པས་བཏབ། འཇའ་ལུས་པ་བཅུ་གསུམ་གྱིས་གདན་ས་མཛད་པར་གྲགས། དེ་ནས་རིམ་བཞིན་ཨ་འཛི་བླ་རབས་རིམ་བྱོན་དང་། བཀྲ་ཡ་ཚང་གི་བླ་རབས་རིམ་བྱོན། རྒྱ་ངན་ཚང་གི་བླ་རབས་རིམ་བྱོན་གཙོས་སྐྱེས་བུ་དམ་པ་མང་པོས་བསྐྱངས། དགོན་པ་དགོན་ཕུག་ལུང་པའི་མདོར་སྤོས་ནས་ལོ་འགའ་ཞིག་དེར་བསྡད། དེར་འགྲིམ་འགྲུལ་སོགས་སྟབས་བདེ་མེད་པ་དང་། ཆ་རྐྱེན་ཞན་པ་བཅས་ལ་བརྟེན། ད་ལྟའི་དགོན་པ་ཆགས་སའི་གནས་གསེར་གཞོང་ནང་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་དམ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་དེར་སྤོས་ནས་འདུ་ཁང་རྟེན་དང་བརྟེན་པ་བཅས་ལེགས་འགྲུབ་བྱུང་། ཆོས་བརྒྱུད་ཀཿཐོག་པའོ། ། |