4908

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:42, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲོ་བཅུ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གསང་སྔགས་ཀྱི་གཞུང་ནས་བཤད་པའི་སྒོ་སྲུང་ཁྲོ་བོ་བཅུ་སྟེ། གཤིན་རྗེ་གཤེད། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་རྩི་འཁྱིལ་བ། མི་གཡོ་བ། འདོད་པའི་རྒྱལ་པོ། དབྱུག་སྔོན་ཅན། སྟོབས་པོ་ཆེ། གཙུག་ཏོར་འཁོར་བསྒྱུར། གནོད་མཛེས་རྒྱལ་པོ་སྟེ། ཕྱོགས་བཞི་དང་། མཚམས་བཞི། སྟེང་དང་འོག་བཅས་ཀྱི་གདོན་བགེགས་སྲུང་བ་དང་བཟློག་པའི་ལས་མཛད་པ་ཡིན་ཅིང་། འདིའི་སྒོ་ནས་སྲུང་འཁོར་དང་གཏོར་བཟློག་གི་ཕྱག་བཞེས་མཛད་སྲོལ་ཡོད།
Domain ཆོས་ལུགས།