4909

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:42, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲོ་བཞི་རྒྱན་དྲུག་ (1)
Part of speech མིང་ཚིག
Definition བོན། རྣམ་རྒྱལ་སྒྲུབ་གཞུང་ལས་བསྟན་པའི་གཙོ་བོའི་ལྷ་རིགས་བཅུ་ཡིན་ལ། ཁྲོ་བཞི་རྒྱན་དྲུག་ལས། ཁྲོ་བཞི་ནི། ཤར་དུ་ཟོ་བོ་དབུ་དགུ བྱང་དུ་གཟེ་མ་དབུ་དགུ ནུབ་ཏུ་རུ་ཅོ་སྡེ་དགུ ལྷོ་རུ་རོལ་པོ་རྩེ་དགུ་དང་བཞིའོ། །རྒྱན་དྲུག་ནི་ཕྱི་ཡི་རྒྱན་དྲུག་སྟེ། ལྷོ་ཤར་དུ་སེང་གསས་ལྷ་དབང་རྒྱལ་པོ། བྱང་ཤར་དུ་སེང་གསས་མི་མགོན་རྒྱལ་པོ། བྱང་ནུབ་ཏུ་འབྲུག་གསས་ལྡེ་བོ་གསུང་ཆེན། ལྷོ་ནུབ་ཏུ་འབྲུག་གསས་གནམ་གྲགས་ངར་ཆེན། སྟེང་དུ་ཁྱུང་གསས་སངས་རྒྱས། འོག་ཏུ་རྣམ་པར་རྒྱལ་བ་དང་དྲུག་གོ ། ལྷ་བཅུ་ནི་དཀྱིལ་འཁོར་ཕོ་བྲང་དུ་གནས་སྟངས་ལྟར་བཀོད་པས། བཀོད་སྟངས་ནི་རྣམ་རྒྱལ་མཆོད་གཞུང་ལས་གསལ་ཞིང་། དེ་ལ་རྣམ་རྒྱལ་ལྷ་བཅུའམ། རྣམ་རྒྱལ་ཁྲོ་བཅུ། རྒྱན་དྲུག་ཁྲོ་བཞི། རྩ་བའི་ལྷ་བཅུ་ཞེས་ཀྱང་བྱ་སྟེ། རྣམ་རྒྱལ་སྒྲུབ་གཞུང་ལས། ང་ནི་བགེགས་ལས་རྣམ་པར་རྒྱལ། དབལ་གྱི་ཁྲོ་བཅུ་ཐུགས་ལས་སྤྲོས། ཞེས་དང་། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་དྭངས་ཤེལ་མེ་ལོང་ལས། ལྷ་ཡི་གཙོ་བོ་རྣམ་རྒྱལ་ལྷ་བཅུ་ལ། འཁོར་གྱི་དམ་ཅན་དཔལ་མགོན་བརྒྱ་རྩ་བརྒྱད། ཅེས་དང་། དེ་ཉིད་ལས། ཁྲོ་བཞི་རྒྱན་དྲུག་མངོན་པར་བཞེས། ཞེས་སོ། །དེ་ཉིད་ལས། རྩ་བའི་ལྷ་བཅུ་དང་། བདེར་གཤེགས་སྟོང་རྩ་དང་། ཞེས་སོ། །རྣམ་རྒྱལ་མངོན་རྟོགས་ལས། རྒྱན་དྲུག་ཁྲོ་བཞི་སེམས་དཔའ་ལྔ་སྟོང་ལྔ་བརྒྱའི་ཚོགས་དང་བཅས་པ། ཞེས་སོ། །
Domain ཆོས་ལུགས།