From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁྲོ་བོ་ (1)
| Part of speech
|
མིང་ཚིག
|
| Definition
|
ཞི་བ་མ་ཡིན་ཞིང་དྲག་པོའི་རྣམ་འགྱུར་ཅན་གྱི་ལྷ་སྤྱིའི་མཚན་ཏེ། ཀྲོ་དྷའི་སྒྲ་ལས་ཁྲོ་བོ་སྟེ། མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཞིང་འགྲོ་བའི་དོན་རྔམས་པའི་འཕྲིན་ལས་དྲག་པོས་མཛད་པ་དག་སྟེ།
|
| Example
|
གདུག་པ་འདུལ་ཕྱིར་དྲག་པོའི་སྐུར་བསྟན་པ། །སྟོབས་ཆེན་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུ།
|
| Domain
|
ཆོས་ལུགས།
|
ཁྲོ་བོ་ (2)
| Part of speech
|
མིང་ཚིག
|
| Definition
|
སྐབས་ཐོབ་ཀྱི་དབང་གིས་ལྷ་ཕོ་ཁྲོ་བོའིི་རིགས་ལ་གོ་སྟེ།
|
| Example
|
ཁྲོ་བོ་རྟ་མགྲིན་ལྟ་བུ།
|
ཁྲོ་བོ་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་བཅུ་མཚོན་ཏེ། གནོད་མཛེས། གཤིན་རྗེ་གཤེད། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་རྩི་འཁྱིལ་བ། འདོད་པའི་རྒྱལ་པོ། དབྱུག་སྔོན་ཅན། སྟོབས་པོ་ཆེ། མི་གཡོ་བ། གཙུག་ཏོར་འཁོར་ལོའི་སྒྱུར་བ་བཅས་ཁྲོ་བོ་བཅུ་ཡོད་པས་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|
ཁྲོ་བོ་ (4)
| Part of speech
|
མིང་ཚིག
|
| Definition
|
ཤིང་མོ་གླང་།
|
| Domain
|
རྩིས་རིག
|