5222

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:44, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁུ་བྱུག་ (1)
Part of speech མིང་ཚིག
Definition བྱ་ཞིག་གི་མིང་སྟེ། དཔྱིད་ཀྱི་ཕོ་ཉར་གྲགས་ཤིང་སྐད་ཤིན་ཏུ་སྙན། ཁ་དོག་སྐྱ་ལ་ནག་ཐིག་ཡོད་ཅིང་། མཇུག་སྒྲོ་གཤོག་སྒྲོ་གཉིས་རིང་ཐུང་མཉམ་ལ། ལུས་ཀྱི་སྒྲོ་ནག་སྐྱ་དང་། མཇུག་སྒྲོ་ལ་དཀར་ཐིག་ཡོད། མཆུ་ཐུང་ལ་རྣོ་ཞིང་མདོག་ནག་པོ་ཡིན། རྒྱུན་པར་ནགས་སུ་གནས་ཤིང་། དཔྱིད་ཟླ་ཐ་མ་ཙམ་ནས་གྲགས་ཤིང་སྐད་སྙན་མོ་ཡིན། དགུན་དུས་སུ་ས་གནས་དྲོ་སར་སྡོད་ཀྱི་ཡོད། ཟས་སུ་རྩྭ་འབྲུ་དང་སྲིན་འབུ་སོགས་ཟ། ལྷག་པར་དུ་ལོ་ཏོག་དང་ནགས་ལས་ལ་གནོད་པའི་སྲིན་འབུ་ཟ་བས་འབྱུང་ཁམས་ལ་ཕན་པའི་བྱ་རིགས་ཤིག་ཡིན།
Synonyms ཀུ་ཧུ་འབོད། ཀུ་ཧུའི་སྒྲ་ལྡན། ཀུ་ཧུའི་མགྲིན་ཅན། ཀོ་གི་ལ། ལྔ་པའི་དབྱངས། སྒྲ་ལྔ་པ། འདབ་མས་ཐེག་པ། འདོད་པའི་ཕོ་ཉ། འདོད་པའི་ཏཱ་ལ། ན་ཚོད་གནས། ནགས་ན་དགའ། དཔྱིད་ཀྱི་རྒྱལ་མོ། དཔྱིད་ཀྱི་ཕོ་ཉ། དཔྱིད་ཀྱི་དབྱངས་ལྡན། འཕྲོག་བྱེད་གཏམ། བྱ་རོག་གསོས། གཞན་གྱིས་གསོས། གཞན་གྱིས་རྒྱས། དབྱངས་སྙན་བྱ། སྦྲང་རྩིའི་སྒྲ། སྦྲང་རྩིའི་མགྲིན། མགྲིན་སྙན། ངག་སྙན། དབྱངས་སྙན་སྒྲོག མི་སྣང་སྒྲ་ཅན། ནགས་ན་འབོད། མིག་མཛེས། ཟངས་མིག མིག་སྐྱེས། ཚངས་དབྱངས་སྟེར། གཞན་ལ་སེམས།