5246
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དྲུག་པའི་མཇུག་དུ་སྐྱོར་མོ་ལུང་བར་འཁྲུངས། ཆུང་ངུའི་དུས་ནས་རྭ་སྟོད་དགོན་པའི་ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་སྦྱངས། རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ་ ༡༦༢༧ ལོར་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོས་བྱ་ཁྱུང་དགོན་ནས་དུས་འཁོར་དབང་ཆེན་དང་། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་། སྔགས་རིམ་ཆེན་མོའི་ལུང་གནང་པའི་སྐབས་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལས་ཐོག་པ་ཡིན། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བཅུ་པ་ཡིན། |