5804

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:45, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གང་གཱ་ (1)
Part of speech མིང་ཚིག
Definition བོད་ནས་རྒྱ་གར་དུ་འབབ་པའི་ཆུ་བོ་ཆེན་པོ་ཞིག་གི་མིང་སྟེ། བོད་ཀྱིས་འདི་ལ་ཆུ་བོ་རྨ་བྱ་ཁ་འབབ་ཟེར་ཞིང་། སྤུ་ཧྲེང་ཕྱོགས་ནས་ཤར་ཕྱོགས་སུ་རྒྱ་གར་བྱང་རྒྱུད་འཕྲེད་གཏུབ་ཀྱིས་བྷང་ག་ལའི་རྒྱ་མཚོར་འབབ། ཁྱོན་བསྡོམས་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བདུན་བརྒྱ་ཡོད། ཨེ་ཤ་ཡའི་ཆུ་བོ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། རིག་བྱེད་ཀྱི་གཏམ་རྒྱུད་དུ་འདི་ཉིད་ལྷ་མོ་ཞིག་ཡིན་པར་བཤད་ཡོད་ཅིང་། བྲམ་ཟེའི་ཆོས་ལུགས་པ་རྣམས་ཀྱིས་རྩ་ཆེར་བརྩི་བ་ཡིན། སི་ཏུའི་དྲི་བྲལ་ཤེལ་གྱི་མེ་ལོང་ལས་གངས་ཏི་སེ་ཆུ་མིག་མཐོང་གྲོལ་ཞེས་པ་འདི་གངྒཱའི་ཕུག་ཡིན་གསུངས་པ་སོགས་བོད་ཀྱི་ཡིག་ཆ་ཕལ་ཆེ་བ་དང༌། རྒྱ་གར་རིག་བྱེད་པའི་གཞུང་ལའང་གངས་ཏི་སེ་ལས་གངྒཱ་བྱུང་བར་བཤད་ཡོད།
Synonyms འགྲོ་ལྡན་མ། སྐལ་ལྡན་ཤིང་རྟའི་བུ་མོ། ཁྱབ་འཇུག་རྐང་པ། ལྷའི་རྐང་པ། གླང་ཆེན་ཁ་འབབ། བཅུད་རིང་། ཆུ་སྦྱིན་མ། འཇིགས་སྡེའི་མ། འཇིགས་པའི་མ། འཇིགས་བྱེད་སྐྱེས། འཇིགས་བྱེད་བུ་མོ། མཐོ་རིས་ཀླུང་། ལྷ་ཡི་ཆུ་བོ། ལྷ་ཡི་དག་བྱེད། འཆི་མེད་ཆབ། ནམ་མཁའི་ཆུ་བོ། ནམ་མཁའི་གང་གཱ། ས་བ་ཀ དལ་འབབ། དྲག་པོའི་ཐོད། ཛ་ཧཱུའི་བུ་མོ། ཡན་ལག་བརྒྱད་ལྡན། རལ་ཀླུང་། ལམ་གསུམ་འབབ། ལམ་གསུམ་འགྲོ། རྒྱུན་གསུམ་པ།

{{#arraymap:གང་གཱ་

|; |@@@ | | }}