5806

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:45, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གང་གཱ་སྐྱེས་ (1)
Part of speech མིང་ཚིག
Definition གཞོན་ནུ་གདོང་དྲུག་གི་མིང་སྟེ། རིག་བྱེད་ཀྱི་གཏམ་རྒྱུད་དུ་ལྷ་དབང་ཕྱུག་ཆེན་པོའི་བུ་གཞོན་ནུ་གདོང་དྲུག་ལ་མ་དྲུག་པ་ཞེས་ཟེར་ཞིང་། དེ་ཡང་སྔོན་ལྷ་ཆེན་པོ་དབང་ཕྱུག་དང་ཨུ་མཱ་སྙོམས་པར་ཞུགས་པའི་ཚེ། མེ་ལྷ་ན་རེ། ས་བོན་ཨུ་མཱའི་མངལ་དུ་སོང་ན། བུ་ཤིན་ཏུ་མཐུ་བ་འབྱུང་བས་མ་གཏོང་ཟེར་བས། ལྷ་དབང་ཕྱུག་གིས་ས་བོན་ས་ལ་ཕོ་བ་དང་། ཨུ་མཱས་ཁྱོད་ཀྱི་མངལ་དུ་གྱུར་ཅིག་ཅེས་དམོད་པ་དང་། མེ་ལྷའི་མངལ་དུ་སོང་བས་མ་བཟོད་ལ་སྐྱོ་ཞིང་དུབ་སྟེ། ལྷ་མོ་གང་གཱའི་དྲུང་དུ་ཕྱིན་ནས་ཕྱིར་ཕྱུང་སྟེ། དེའི་མངལ་དུ་བཅོལ་ལོ། དེ་ཡང་འདམ་བུའི་ཚལ་དུ་ཕྱིན་ནས་ཕྱུང་སྟེ། དེའི་མངལ་དུ་བཅོལ་ལོ། དེ་ཡང་འདམ་བུའི་ཚལ་དུ་ཕྱིན་ནས། སྐར་མ་ས་ག་དང་ཟླ་བ་འགྲོགས་པའི་དུས་སུ་སྐྱེས་པས་གཞོན་དུ་གདོང་དྲུག་ལ་གང་གཱ་སྐྱེས་ཞེས་ཐོགས་སྐད།
Type མངོན་བརྗོད།

{{#arraymap:གང་གཱ་སྐྱེས་

|; |@@@ | | }}

གང་གཱ་སྐྱེས་ (2)
Part of speech མིང་ཚིག
Definition གསེར་གྱི་མིང་སྟེ། རིག་བྱེད་ཀྱི་གཏམ་རྒྱུད་དུ་ལྷ་དབང་ཕྱུག་ཆེན་པོའི་ས་བོན་མེ་ལྷས་གང་གཱར་འཕངས་པ་ལས་བུ་སྐྱེས་པའི་ཤ་མ་གསེར་དུ་གྱུར་པས་གསེར་གྱི་མིང་ལ་དེ་ལྟར་ཐོགས་པར་བཤད།

{{#arraymap:གང་གཱ་སྐྱེས་

|; |@@@ | | }}