5815

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:45, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་ཉི་ཤུ་རྩ་གསུམ་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་དྲུག་པ་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་ལས་གཉེན་པོས་བདུད་བཏུལ་བའི་སྔོན་དུ་བྱ་བའི་སྦྱོར་བ་ཆོ་འཕྲུལ་བསྐུལ་བ་ལ། ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསྐུལ་བས་བཞེངས་པ་དང། གཟུགས་སྐུ་ལས་རིགས་ལྔར་བཞེངས་པར་བསྐུལ་བས་བཞེངས་པ་དང། རིགས་ལྔས་སེམས་ཅན་གྱི་དོན་མཛོད་ཅིག་པར་བསྐུལ་བས་དོན་མཛད་པའི་ཚུལ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་གཉིས་ལས་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

{{#arraymap:གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་

|; |@@@ | | }}