5874

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:45, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གང་ཟག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གང་ཟག་གི་མཚན་ཉིད། ཕུང་པོ་ལྔའམ་བཞིའི་ཚོགས་རྒྱུན་ལ་བཏགས་པའི་བཏགས་ཡོད། དཔེར་ན་ལྷས་སྦྱིན་ལྟ་བུའོ། །སངས་མ་རྒྱས་པའི་དབང་དུ་བྱས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གང་ཟག་

|; |@@@ | | }}

གང་ཟག་ (2)
Part of speech མིང་ཚིག
Definition ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟ་ཞེས་བཏགས་པ་ལྟར་ཕུང་པོ་ལྔ་པོ་གང་རུང་ལ་བརྟེན་ནས་བཏགས་པའི་ང་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། རང་ལུགས་ནི། རང་གི་གདགས་གཞིར་ཕུང་པོ་ལྔ་པོ་གང་རུང་ལ་བརྟེན་ནས་བཏགས་པའི་ང་དེ། རང་ཉིད་གང་ཟག་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། འདོད་ཁམས་པའི་གང་ཟག གཟུགས་ཁམས་པའི་གང་ཟག གཟུགས་མེད་ཁམས་པའི་གང་ཟག་དང་གསུམ་ལས། དང་པོ་ནི། འདོད་པའི་ལྷ་མི་ལྟ་བུའོ། གཉིས་པ་ནི། གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་གང་ཟག་ལྟ་བུའོ། གསུམ་པ་ནི། གཟུགས་མེད་སྐྱེ་མཆེད་མུ་བཞིའི་རྟེན་ཅན་གྱི་གང་ཟག་ལྟ་བུའོ། ཡང་གང་ཟག་ལ་དབྱེ་ན། སྐྱེ་འཕགས་གཉིས་ལས། དང་པོ་ནི། མཐོང་ལམ་མ་ཐོབ་པའི་གང་ཟག་ལྟ་བུའོ། གཉིས་པ་ནི། མཐོང་ལམ་ཐོབ་པའི་གང་ཟག་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།

{{#arraymap:གང་ཟག་

|; |@@@ | | }}

གང་ཟག་ (3)
Part of speech མིང་ཚིག
Definition དེ་ལ་གང་ཟག་ཅེས་བྱ་བ་ནི་ཕུང་པོ་བཞིའམ་ལྔའི་རྒྱུན་ལ་བཏགས་པ་ཡིན་ཏེ། ལུང་སིལ་བུ་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཞེས་བརྗོད། །འདི་ལ་གང་ཡང་འཁོར་བ་མེད། །སུ་ཡང་མྱ་ངན་འདས་པ་མེད། །ཅེས་པ་དང་། མདོ་ལས་ཀྱང་། ཕུང་པོ་རྣམས་ལ་གང་ཟག་ཅེས་བྱའོ་ཞེས་གསུངས་པའི་ཕྱིར་དང་། དགྲ་བཅོམ་པ་དག་གིས་ཀྱང་། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཕུང་པོ་ལྔ་ཚོགས་པ་ལ་གང་ཟག་ཏུ་བརྗོད་ན་གཟུགས་མེད་ན་གང་ཟག་མེད་པར་འགྱུར་ལ། ཁ་ཡར་བ་ལ་བརྗོད་ན་བུམ་པའང་གང་ཟག་ཏུ་འགྱུར་བས་ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པའི་རྒྱུན་ནི་གང་ཟག་ཡིན་ཏེ། རྒྱུད་གསུམ་གྱི་རྣམ་པར་ངེས་པ་ལས། ཁ་ཡར་བ་དང་ཚོགས་པ་ཞེས། །བརྟགས་ན་ཕུང་པོ་ལྔའི་རྒྱུན། །གང་ཟག་མ་ཡིན་དེ་ཡི་ཕྱིར། །ས་བོན་ཀུན་གྱི་རྣམ་ཤེས་ཀྱི། །རྒྱུན་ནི་གང་ཟག་ཡིན་པར་འདོད། །ཅེས་བཤད་པའི་ཕྱིར་རོ་ཞེས་ཟེར་བ་ནི་རྣལ་འབྱོར་སྤྱོད་པ་པའི་ལུགས་ཡིན་ནོ། །དེས་ན་འཕགས་པའི་གང་ཟག་ནི་ཟག་མེད་ཀྱི་ཡེ་ཤེས་དང་ལྡན་པའི་ཕུང་པོ་བཞིའམ་ལྔའི་རྒྱུན་ལ་བརྗོད་པ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །

{{#arraymap:གང་ཟག་

|; |@@@ | | }}