6020

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གངས་ཐིགས་ (1)
Part of speech མིང་ཚིག
Definition འབྱུང་ཁུངས་སམ་འདྲ་བ་ལ་བལྟོས་ནས་བཏགས་པའི་གངས་རྙིང་ཞུ་བའི་ཐིགས་པ་གོང་བུར་འདྲིལ་ནས་རྡོར་གྱུར་པའི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། གངས་ཐིགས་ནི། གངས་ཀྱི་དུམ་བུ་ཡུན་རིང་ལོན་ནས་རྡོར་གྱུར་པ་དང། གངས་ཞུ་བའི་ཐིགས་པ་རྡོའི་འདྲིལ་ནས་གངས་ཀྱི་ཁུ་འཕངས་བབས་པ་ལྟར་གངས་འགྲམ་ཀྱི་ཆུ་ལ་ཆགས་པས་དེ་ལ་ཟེར་བས་འབྱུང་ཁུངས་སམ་འདྲ་བ་ལ་བལྟོས་ནས་བཏགས་པའི་མིང་ངོ་། །ཞེས་གསུངས་པ་ལྟར་དང་། སྨན་གཞུང་དུ་གངས་ཐིགས་ཀྱིས་སྦལ་རྒྱབ་བཞིན་མཆིན་པའི་ཚ་བ་སེལ་ཐུབ་པར་བཤད།

{{#arraymap:གངས་ཐིགས་

|; |@@@ | | }}