6026

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གངས་པ་དགོན་ (1)
Part of speech མིང་ཚིག
Definition གྲུབ་མཐའ་རྙིང་མ་ཀཿཐོག་པ་ཡིན། དགོན་འདི་མགོ་ལོག་གངས་པའི་ས་གནས་སུ་ཡོད། ཐོག་མར་གངས་པ་ཉི་སྟོད་སྤྲུལ་སྐུས་སྟག་རོང་གཟིག་འཕན་གྱི་མཁར་ཤུལ་ཡོད་པའི་སར་ནག་སྒར་གྱི་རྣམ་པར་བཏབ། ལོ་ཚིགས་ཕལ་ཆེར་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ཡིན་ཞེས་གྲགས། ལྕགས་སྟག་ཕྱི་ལོ་ ༡༨༩༠ ལ་ཁྲ་བླ་གསང་སྔགས་བསྟན་འཛིན་གྱིས་གནས་དེར་རྒྱལ་བའི་བཀའ་འགྱུར་ཆེན་མོ་རྡོ་ལ་བརྐོ་བའི་དབུ་བརྩམས་ད་ལྟའང་གངས་པའི་བཀའ་འགྱུར་རྡོ་མཁར་མ་ཉམས་པར་ཡོད་པ་དང་། དགོན་གནས་བརྟན་ཆགས་སུ་སྒྲུབ་ཁང་བཞེངས། གྲྭ་ཁང་ཡང་མང་དུ་བརྩིགས། ༡༩༣༢ལོར་མཱ་ཇག་གིས་གཏོར་བཤིག་བཏང་། ལྟག་ལེབ་བླ་མ་དཀོན་མཆོག་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན་ནས་ཆོས་དང་དངོས་པོའི་བདག་རྐྱེན་རྒྱ་ཆེར་གནང་། ཁྱད་པར་དུ་མཁན་པོ་འཇམ་དཔལ་རྒྱ་མཚོས་རབ་རྒྱལ་ལྕགས་འབྲུག་སྤྱི་ལོ་ ༡༩༤༠ ལ་དབྱར་གནས་དང་རྒྱུད་སྡེ་བཙུགས། དགོན་པའི་མཚན་ལ་བཀྲ་ཤིས་ཕུན་ཚོགས་ཆོས་ལྡན་གླིང་དུ་གསོལ། དེ་ནས་བཟུང་མཁན་དགེ་འདུན་བཀྲ་ཤིས་དང་། མཁན་བཀྲ་རྒྱམ། མཁན་བློ་གྲོས་སོགས་ཀྱིས་བསྐྱངས།

{{#arraymap:གངས་པ་དགོན་

|; |@@@ | | }}