6027
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་གསུམ་པའི་ཤིང་ལུག་ཕྱི་ལོ ༡༡༧༥ ལོར་ཡུལ་གྱ་བར་གསང་སྔགས་རྙིང་མ་པ་ཞིག་གི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། རབ་ཏུ་བྱུང་བའི་མཚན་ལ་རིན་ཆེན་འོད་ཟེར་ཞེས་གསོལ། སྟག་ལུང་ཐང་པ་དང་། ཁ་ཆེ་པཎ་ཆེན། རྨོག་ལྕོགས་པ། འབྲི་གུང་ཆོས་རྗེ། དྭགས་པོ་འདུལ་འཛིན། ལྷོ་ལ་ཡག་པ། ཉེ་གནས་གསལ་བྱང་སོགས་བླ་མ་མང་དུ་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་འབད་པ་ཆེན་པོས་སྦྱངས། ཕྱག་ཆེན་གྱི་རྟོགས་པ་མངའ་བརྙེས། ཇོ་མོ་གངས་ཀྱི་ཕ་བོང་དཀར་ལེབ་སོགས་གནས་རྣམས་སུ་སྒྲུབ་པ་མཛད། བསྟན་འགྲོའི་དོན་རྒྱ་ཆེར་མཛད། རབ་བྱུང་བཞི་པའི་ས་བྱ་ཕྱི་ལོ ༡༢༤༩ ལོར་སྐུ་གཤེགས། |
{{#arraymap:གངས་པ་རིན་ཆེན་འོད་ཟེར་
|; |@@@ | | }}