6056

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གངས་ལྡན་ (1)
Part of speech མིང་ཚིག
Definition གངས་རི་སྟེ། གངས་དང་ལྡན་པས་ནའོ། །
Type མངོན་བརྗོད།
གངས་ལྡན་ (2)
Part of speech མིང་ཚིག
Definition ཤུ་དག་དཀར་པོ་སྟེ། རྩ་བ་བཅད་མཚམས་དཀར་པོ་གངས་དང་འདྲ་བས་ནའོ། །
གངས་ལྡན་ (3)
Part of speech མིང་ཚིག
Definition བོད་ཡུལ་གྱི་མིང་གི་རྣམ་གྲངས་ཏེ། ཁོར་ཡུག་ཀུན་གངས་རིས་བསྐོར་ཞིང་། སྟོད་སྨད་བར་གསུམ་དུ་གངས་རི་མང་པོ་ཡོད་པས་གངས་ལྡན་ཀྱང་ཟེར།
Example འཛམ་གླིང་ཡང་རྩེ་གངས་ལྡན་བོད་ཀྱི་ཡུལ། །རང་བྱུང་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་། །ལྟ་བུ།
གངས་ལྡན་ (4)
Part of speech མིང་ཚིག
Definition གངས་རིའི་མིང་སྟེ་གངས་རི་ནི་ཁ་བའི་རི་བོ་ཡིན་པས་དེ་ལ་གངས་སམ་ཁ་བ་དང་བཅས་པས་ན་གངས་ལྡན་ཞེས་ཟེར།
Example གངས་ལྡན་གྱི་ལྗོངས་ན་སྨན་ཤིང་དང་མེ་ཏོག་ནགས་ཚལ་སོགས་ཀྱིས་ཡོངས་སུ་གང་ལྟ་བུ།