6111

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཅིག་ཏུ་གནག་པའི་ལས་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ལས་གནག་རྣམ་སྨིན་གནག་པ་དང། །བཟའ་བའི་དོན་དུ་གསོད་པ་སོགས། །གཉིས་ཀ་གནག་པས་མཁས་པས་སྤང་། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཀུན་སློང་དང་སྦྱོར་བ་གཉིས་ཀ་མི་དགེ་བ་སྟེ། ལུག་ཚོན་པོ་བསད་ནས་སྒྱུ་ལུས་མི་གཙང་བའི་ཕུང་པོ་གསོ་བའི་ཕྱིར་ཟ་བ་དང། རང་བཟང་པོར་སྒྲུབ་པའི་ཕྱིར་དུ་གཞན་གྱི་སྐྱོན་བརྗོད་པ་ལྟ་བུ། ངན་སོང་དུ་སྡུག་བསྔལ་སྐྱེད་པར་བྱེད་པས་རྣམ་པར་སྨིན་པ་གནག་པའོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:གཅིག་ཏུ་གནག་པའི་ལས་

|; |@@@ | | }}