6115
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གཅིག་གི་རྣམ་གཞག་ནི། རྫས་གཅིག་ནི་རྒྱུ་རྐྱེན་གཅིག་ལས་སྐྱེས་པ་སྟེ། བྱས་མི་རྟག་ལྟ་བུའོ། །ལྡོག་པ་གཅིག་ནི་ཤེས་པ་ལ་རྣམ་པ་གཅིག་ཏུ་འཆར་བ་སྟེ། བྱས་པ་དང་བྱས་པ་ལྟ་བུའམ་ཚད་མ་དང་ཡང་དག་ཤེས་པ་ལྟ་བུའོ། །ཐ་དད་ཀྱི་རྣམ་གཞག་ནི། རྫས་ཐ་དད་ནི་རྒྱུ་རྐྱེན་ཐ་དད་ལས་སྐྱེས་པ་སྟེ། སཱ་ལུའི་མྱུ་གུ་དང་། ནས་ཀྱི་མྱུ་གུ་ལྟ་བུའོ། །ལྡོག་པ་ཐ་དད་ནི་ཤེས་པ་ལ་རྣམ་པ་ཐ་དད་དུ་སྣང་བ་སྟེ། བྱས་མི་རྟག་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
Domain | ཚད་མ། |
{{#arraymap:གཅིག་དང་ཐ་དད་
|; |@@@ | | }}