6186

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཅིན་སྲི་བའི་ནད་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་ལེའུ་སོ་གཅིག་པ་ལས་བྱུང་བ་སྟེ། རླུང་ལས་གྱུར་པའི་གཅིན་སྲི་བའི་ནད་ནི་ཤིན་ཏུ་མི་བཟད་པར་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་གཅིག་ཉིད་ཚ་བ་རབ་ཏུ་འོང་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་ཆུ་སོའི་ཕྱོགས་ཀྱི་ལྕི་བ་བེམ་པོར་འཇུག་ཅིང་སྐྲངས་པ་ཡིན་ནོ། །ནད་གཞི་འདུས་པ་ལས་གྱུར་པ་ནི་མ་རུངས་པ་ཡིན་ནོ། །ཁྲག་ནད་ལས་གྱུར་པ་ནི་གཅིག་ཁྲག་ཏུ་འོང་བ་ཡིན་ནོ། །ཁུ་ཆུ་ལས་གྱུར་པ་ནི་ཁུ་ཆུ་འགགས་པ་ལས་འབྱུང་བ་ཡིན་ནོ། །གཅིན་རྡེའུ་འགགས་པ་ནི་རླུང་གིས་ཁུ་ཆུ་དང་བད་ཀན་བསྒངས་ནས་རྡོ་འདྲ་བར་གྱུར་པ་ཡིན་ནོ། །གཅིན་བསྡུས་པ་ནི་ཆུ་སོ་ལྒང་པའི་ཁ་མི་བཟད་པའི་ན་ཞིང་རྡེའུ་ཞིག་པས་གཅིན་འགགས་པར་གྱུར་པ་ཡིན་པར་བཤད་པ་དང་བརྒྱད་དོ། །
Domain གསོ་རིག