6283
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་རབས་ལས་རྩིས་ཀྱི་སྤྱི་བསྡུས་རྡེའུ་བརྒྱ་དང་སོ་དྲུག་གི་ཡ་གྱལ་ཏེ། བརྩི་བྱ་སོ་སོ་སྐྱེས་དུས་ཀྱི་གནམ་ལོ་རྒྱལ་པོའི་རྡེའུ་དང་། ཟླ་བ་བློན་པོའི་རྡེའུ། ཞག་པོ་དམག་མིའི་རྡེའུ། དུས་ཚོད་མཚོན་ཆའི་རྡེའུ་བཅས་བཞི་ལ་ཟེར་བ་ཡིན། རྡེལ་དེ་བཞི་ལས་གནམ་ལོ་རྒྱལ་པོའི་སྲོག་ལུས་དབང་ཀླུང་བཞི་ལ་བརྩི་བྱའི་རང་ལོའི་དེ་བཞིས་འཐབ་པའི་འཐབ་རྡེལ་དག་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་དཀར་ན་རྒྱལ་པོའི་བཀའ་མི་བཀྱོན། སྐྱེས་པ་ཡིན་ན་ཁྲོམ་ཐོག་ཆོད་ཅིང་བུད་མེད་ཡིན་ན་གཏམ་སྙན་ཐོས་པས་བཟང་། ནག་ན་རྒྱལ་པོའི་བཀའ་ཆད་འཕོག སྐྱིད་སྡུག་མང་ལ་སྡུག་ཤས་ཆེ་ཞིང་ལུས་ལ་ན་ཚ་རྒྱུན་མི་འཆད་པས། བཅོས་སུ་རྒྱལ་པོ་མདོ་ལྔ་དང་། བསྐལ་བཟང་། བརྒྱ་སྟོང་བ། གཟུངས་བསྡུས་བཅས་འདོན་དགོས། ཟླ་བ་བློན་པོའི་སྲོག་ལུས་དབང་ཀླུང་བྱའི་རང་ལོའི་དེ་བཞིས་འཐབ་པའི་འཐབ་རྡེལ་དག་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་དཀར་ན་བློན་པོའི་གྲོགས་མི་འཛོལ། རྗེ་བློན་ལྟ་བུའི་གོ་སར་ཉེ་ཞིང་སྙན་གྲགས་རྒྱས་པས་བཟང་། ནག་ན་བློན་པོའི་གྲལ་ནས་ཡར། མཐོན་པོ་བྱམས་ལ་དམའ་མོ་སྡང་ཞིང་རྟག་ཏུ་དགྲ་དང་ཁ་སྨྲས་མོད་པས། བཅོས་སུ་དགྲ་མནན་དགྲ་བྲུབ་དང་། སྲུང་བའི་མདོ་བཞི་འདོན་དགོས། ཞག་པོ་དམག་མིའི་སྲོག་ལུས་དབང་ཀླུང་བཞི་ལ་བརྩི་བྱའི་རང་ལོའི་དེ་བཞིས་འཐབ་པའི་འཐབ་རྡེལ་དག་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་དཀར་ན་དམག་དཔུང་མཐའ་ནས་རྒྱས། ནད་ཉུང་ཞིང་ཚེ་ལ་བར་ཆད་མེད། གནོད་དང་འདྲེ་ཡིས་གནོད་པར་མི་འགྱུར་བས་བཟང་། ནག་ན་མི་ཁ་དང་གླེང་གཞི་འོང་། མི་སྟོང་འཇལ་ལེན་བྱེད་ཅིང་རྟག་ཏུ་ཁ་སྨྲས་རྒྱུན་མི་འཆད་པས། བཅོས་སུ་གཙུག་ཏོར་དཀར་ནག་དང་། གཏོར་བཟློག དགྲ་མནན་བཅས་བྱ་དགོས། དུས་ཚོད་མཚོན་ཆའི་སྲོག་ལུས་དབང་ཀླུང་བཞི་ལ་བརྩི་བྱའི་རང་ལོའི་དེ་བཞིས་འཐབ་པའི་འཐབ་རྡེལ་དག་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་དཀར་ན་མི་ནོར་མཐའ་ནས་རྒྱས་པས་བཟང་། ནག་ན་མི་ནོར་ཀུན་ལ་རྩུབ་པས། བཅོས་སུ་བཀྲ་ཤིས་བརྩེགས་པ་དང་། གཡང་སྐྱབས། གཡང་འགུགས། གཏེར་སྒྲུབ་བཅས་བྱེད་དགོས། ནག་རྩིས་བརྗེད་བྱང་དུ་རྡེའུ་དེ་བཞི་ནི་འཐབ་རྡེལ་དང་། འཐབ་རྡེལ་དཀར་ནག་བགྲངས་ནས་བཞག་པའི་ཁ་དམར་རྡེའུ་བཅས་མ་ཡིན་པར་བཤད་པ་བཟང་ན་རྡེའུ་བཅས་མ་ཡིན་པར་བཤད་པ་བཟང་ན་རྡེའུ་དཀར་པོ་དང་། བཤད་པ་ངན་ན་རྡེའུ་ནག་པོ་འཇོག་དགོས་པར་གསུངས་འདུག |
| Domain | རྩིས་རིག |