6441

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:47, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཉལ་ཕྱོགས་སུ་དར་བའི་དགེ་ལྡན་པའི་དགོན་པ་བཅུ་ (1)
Part of speech མིང་ཚིག
Definition གྲ་འོར་ནི། སྨྱོས་སྟོན་ཆོས་འབར་གྱིས་བཏབ། ཨང་དང་གྲྭ་གྲངས་ཉིས་བརྒྱ་ཉི་ཤུ་རྩ་གཅིག་སྐོར། ཟངས་པོ་ཆེའི་དགོན་པ་ནི། སྨྱོས་སྟོན་གྱི་སློབ་མ་ཐུ་མིའི་གདུང་རྒྱུད་དགེ་བའི་བཤེས་གཉེན་བསོད་ནམས་འབྱུང་གནས་ཀྱིས་བཏབ། ཨང་དང་གྲྭ་གྲངས་བརྒྱ་དང་དྲུག་ཅུ་སྐོར། རི་སྟེང་ནི། རིན་ཆེན་ཚུལ་ཁྲིམས་ཀྱིས་བཏབ། ཨང་དང་གྲྭ་གྲངས་བརྒྱ་དང་ཉི་ཤུ་རྩ་བཞི་སྐོར། ངང་རྐྱལ་ནི། འབྲི་གུང་འཇིག་རྟེན་མགོན་པོའི་སློབ་མ་གྲུབ་ཐོབ་གཙང་ཞིབ་པས་བཏབ། ཨང་དང་གྲྭ་གྲངས་དགུ་བཅུ་གོ་བདུན་སྐོར། ཏེའུ་ར་ནི། པོ་ཏོ་བའི་སློབ་མ་སྐོར་འདུལ་བ་ཆེན་པོས་བཏབ། ཨང་དང་གྲྭ་གྲངས་བདུན་ཅུ་དོན་ལྔ་སྐོར། གསེར་ཕྱེ་ཁ་ནི། བྱང་སེམས་ཐུགས་རྗེ་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་གྲངས་བརྒྱ་དང་བཞི་བཅུ་ཞེ་དགུ་སྐོར། མཁར་སྟེང་ནི། རོང་པོ་རྡོ་རྗེ་རྒྱལ་མཚན་གྱིས་བཏབ་པར་གྲགས། ཨང་དང་གྲྭ་གྲངས་བརྒྱ་སྐོར། བྱ་ཡུལ་པདྨ་བཀོད་ནི། བྱ་པ་བཀྲ་ཤིས་དར་རྒྱས་ཀྱིས་ཞལ་ཏ་མ་པདྨ་ཟེར་བ་བཀོད་པ་བྱེད་དུ་བཅུག་ནས་བཙུགས། ཨང་གཉིས་གྲྭ་གྲངས་བཞི་བཅུ་ཉེ་གསུམ་སྐོར། འཕགས་སྡེ་དགོན་ནི། ཐར་པ་བཟང་པོས་བཏབ། ཨང་གཉིས་གྲྭ་གྲངས་ཉི་ཤུ་རྩ་བརྒྱད་སྐོར། གུང་ཐང་ཆོས་སྡེ་ནི། གུང་ཐང་ཆོས་རྗེ་མཛེས་པ་དཔལ་གྱིས་བཏབ། ད་ལྟ་དགེ་འདུན་གྱི་འདུ་ཚོགས་མེད་ཅིང་གཞིས་ཞིང་ཙམ་ཡོད་ཚོད་དུ་སྣང་བ་བཅས་སོ། །