6581

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:47, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་དཀྱིལ་ཁང་གི་ཡིག་ཆ་ལས། གཟུང་འཛིན་རྫས་ཐ་དད་པ་གཉིས་སུ་མེད་པར་དུས་ཅིག་ཅར་དུ་མངོན་སུམ་གྱིས་རྟོགས་ནུས་ཤིང་གནས་ངན་ལེན་གྱི་དྲི་མ་ཕྲ་མོའི་དངོས་གཉེན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཏུ་དམིགས་པ། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན།
Domain ཆོས་ལུགས།

{{#arraymap:གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་

|; |@@@ | | }}

གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆ་ལས། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན། ས་མཚམས་རྒྱུན་མཐའ་ཁོ་ན་ནའོ། །

{{#arraymap:གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་

|; |@@@ | | }}