6587

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:47, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཉུག་མ་དྲན་གསལ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། གཉུག་མ་དྲན་གསལ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ལྔ་དྲུག་པ་ཡིན། བརྗོད་བྱ་ནི། སྐྱབས་སེམས་ལུས་གནད་སྤྱི་མཐུན། རང་ལུས་ལ་གདོད་ནས་བཞུགས་པའི་རྒྱལ་བ་རིགས་དྲུག་ཡབ་ཡུམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རང་བཞིན་གྱིས་གྲུབ་པ་དྲན་པའི་ཚུལ་དུ་སྒོམ་པ་དང་། དབང་བཞི་སྟན་ཐོག་གཅིག་ཏུ་སྒོམ་པའི་མན་ངག་རྣམས་མདོར་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། སྒྲོལ་མ་ངག་གི་དབང་ཕྱུག་བླ་ཆེན་འབྲོག དཀོན་མཆོག་རྒྱལ་པོ་བླ་མ་ཤངས་པ་དང་། གོང་མ་རྣམ་བཞི་ལུང་ཕུ་གཞོན་ནུ་གྲུབ། བླང་ཤེས་བསོད་རྒྱལ་དཔལ་ཚུལ་བུདྡྷ་ཤྲཱི། ངོར་ཆེན་དཔལ་རྡོར་ཀུན་དགའ་མཆོག་གྲུབ་བ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། དབང་བཞིའི་ཡིག་སྙིང་ལས་བཏུས་སོ། །ཞེས་བྱུང་ངོ་། །
Domain ཆོས་ལུགས།