6611
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྱིར་ཁྱོ་ཀའི་སྲོག་ལུས་དབང་ཀླུང་གི་ཁམས་ཀྱིས་ཆུང་མའི་དེ་དག་གི་ཁམས་ལ་ཕར་འཐབ་ན་གྲོགས་ཕྲད་ཡིན་པའི་ཆུང་མ་ལ་ཟེར་བ་ཡིན། བྱེ་བྲག་ཏུ་མཐུན་སྦྱོར་བག་མའི་རྩིས་འདིར་སྲོག་ཀླུང་གཉིས་ཁྱོ་ཀ་གཙོ་བས་ཁྱོ་ཀའི་རང་ལོའི་སྲོག་དང་ཀླུང་རྟའི་ཁམས་ཀྱིས་ཆུང་མའི་དེ་གཉིས་ཀྱི་ཁམས་ལ་ཕར་འཐབ་ན་གྲོགས་སུ་འགྲོ་མིན་ལ་བརྟག་པ་གཅེས། གཡའ་སེལ་དུ་ཤིང་ལྕགས་མེ་གསུམ་ནང་ཕྲད་ཀྱང་དེར་གཏོགས་པར་བཤད་ཅིང་། བག་མ་དེ་རིགས་དགྲའི་ཆུང་མ་ལས་བཟང་ཞིང་ལས་ཀྱི་ཆུང་མ་ལས་ཅུང་ངན་པའི་བར་མ་ལྟ་བུ་ཡིན། འདི་ལྟར་ཁྱོ་ཀའི་སྲོག་ཀླུང་གཉིས་གཙོ་བོར་བཟུང་སྟེ་ཆུང་མའི་དེ་གཉིས་ཀྱིས་ཚུར་གཅོད་མིན་བརྟག་དོན་ནི། ཇག་དང་རི་དྭགས་རྔོན་པ་སོགས་སྲོག་ཉེན་ཡོད་སར་འགྲོ་དུས་སྲོག་དང་། ཕྱི་རུ་དོན་ཆེན་བསྒྲུབ་ཏུ་འགྲོ་དུས་བསམ་དོན་ཡིད་བཞིན་དུ་འགྲུབ་པ་ལ་ཀླུང་རྟ་ཡག་དགོས་ཤིང་། རང་རེའི་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་ལས་དེ་དག་བགྱིད་མཁན་ཁྱོ་ཀ་ཡིན་པས་ཡིན། གལ་སྲིད་ཁྱོ་ཀའི་རང་ལོ་སྟག་དང་ཆུང་མའི་རང་ལོ་འབྲུག་ཡིན་པར་ཆ་བཞག་ན། ཆུང་མའི་སྲོག་ཁམས་ས་དེ་ཁྱོ་ཀའི་སྲོག་ཁམས་ཤིང་གྲོགས་སུ་འགྲོ་བས་སྲོག་གཉེན་གྱི་ཆུང་མ་ཡིན་ལ། ཆུང་མའི་ཀླུང་ཁམས་ཤིང་དེ་ཁྱོ་ཀའི་ཀླུང་ཁམས་ལྕགས་ཀྱི་གྲོགས་སུ་འགྲོ་བས་ཀླུང་རྟ་གཉེན་གྱི་ཆུང་མ་ཡང་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |