6724
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། དགེ་འདུན་རྣམས་གསོ་སྦྱོང་གི་བྱ་བ་སོགས་ལས་ལ་འདུ་བ་དང་གནོད་པ་ཞི་བ་བཅས་ཀྱི་ཆེད་དུ་རྒྱུ་ཙན་དན་སོགས་ཤིང་བྱས་པ་དབྱིབས་འདུལ་གཞུང་ནས་བཤད་པ་བཞིན་བྱས་པ་དེ་ཉིད་ལས་སོགས་སོ་སོ་ལ་ལྟོས་ཏེ་མདོ་ལས་བཤད་པ་ལྟར་བརྡུང་བ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་བརྡུང་བའི་ཚུལ་ལ་གཉིས་ཡོད་དེ། དགོས་དོན་དང་། བསྡུས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྤྱིར་བཏང་ལ་དགེ་འདུན་རྣམས་ཚོགས་པ་གཅིག་ཏུ་བསྡུ་བའི་ཕྱིར་དང་། དམིགས་ཀྱིས་བསལ་ན་ལོ་ཐོག་གི་སེར་བ་བཟློག་པ་སོགས་མང་པོ་ཞིག་གི་དགོས་པ་ཡོད་པའི་ཕྱིར། གཉིས་པ་བསྡུས་དོན་ཡོད་དེ། གཎྜིའི་རྒྱུ་དང་། དབྱིབས་དང་། ཚད་དང་། ཚུལ་ཇི་ལྟར་དུ་བརྡུང་བ་དང་། རྟེན་གྱི་གང་ཟག་གང་གིས་བརྡུང་བ་དང་། ཚུལ་དང་མཐུན་པར་བརྡུངས་བའི་ཕན་ཡོན། མ་བརྡུངས་པའི་ཉེས་དམིགས་དང་བདུན་ཡོད་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:གཎྜི་བརྡུང་བ་
|; |@@@ | | }}