6725

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:47, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཎྜི་བརྡུང་བའི་ཚུལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཇི་ལྟར་བརྡུང་བའི་ཚུལ་ནི། གཙུག་ལག་ཁང་གི་སྟེང་སོགས་ཀུན་གྱིས་སྒྲ་གསལ་པོར་ཐོས་པའི་གནས་སུ། ཐོག་མར་དཀོན་མཆོག་གསུམ་དང་གཎྜི་དེ་ལ་ཕྱག་གསུམ་བཙལ་ནས། བསམ་པ་ནི་དེ་བརྡུང་བས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། དེའི་སྒྲ་ལ་སྟོང་པ་ཉིད་དང། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱི་སྒྲར་མོས་པ་དང། ངེས་འབྱུང་གི་བསམ་པ་བརྟན་པོས་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཆེད་དུ་བསམ་ནས་སྔོན་ལ་ཤད་ཙ་སྟེ་བཤད་ལན་གསུམ་བྱེད། དེ་ནས་དགེ་ཚུལ་ཡན་གྱི་དགེ་འདུན་མཐའ་དག་འདུ་བའི་དོན་དུ་ནི་རྒྱུད་གསུམ་དང་བཅས་པའི་ཚུལ་དུ་བརྡུང་སྟེ་འཇུག་ཏུ་རྟོག་སྒྲ་ཆེན་པོ་ལན་གསུམ་བྱའོ། །རྒྱུད་གསུམ་ནི། ཀླུ་བདུན་གྱིས་ནི་བརྒྱན་པ་ལྟར། བསྐྱེད་པའི་རིམ་གྱིས་བརྡུང་བར་བྱ། །ཞེས་གསུངས་པ་དོན་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་ཀླུ་བདུན་གྱི་བརྒྱན་པ་ལྟར། རྒྱུད་རེ་རེ་ཡང་གཅིག་ནས་བཅོ་བརྒྱད་ཀྱི་བར་དུ་ཇེ་ཆེ་དང། བཅུ་དགུ་ནས་སོ་དྲུག་གི་བར་དུ་ཇེ་ཆུང་དུ་འགྲོ་བའི་རྒྱུད་གསུམ་སྟེ། སུམ་ཅུ་སོ་དྲུག་ལན་གསུམ་བསྡོམས་པས་བརྡེག་ཐེངས་བརྒྱ་དང་བརྒྱད་དོ། །དགེ་འདུན་ཟས་ལ་འདུ་བའི་དོན་དུ་ནི་སྔོན་ལ་གཎྜི་ཆུང་ངུ་བརྡུང། དེ་ནས་མཚམས་བཅད་དེ་རྒྱུད་ཆགས་གསུམ་པ་བྱ་བ་དང། ལྷུང་བཟེད་སྟ་གོན་བྱ་བ་སོགས་ཀྱི་ལོངས་ཡོད་པར་བྱས་ལ་སླར་ཆེ་བ་བརྡུང་ངོ་། །དབུས་ནས་གཡས་གཡོན་དུ་དཔག་ཚད་ཕྱེད་དང་གསུམ་ཡོད་པའི་མཚམས་ཆེན་དེར་ནི་གཎྜིའི་སྒྲ་མི་ཐོས་པ་མང་བས་དུང་གཉིས་ཁ་སྤྲད་དེ་འབུད་པ་དང། ཕྱོགས་བཞིའི་སྒང་མཐོ་སར་རྔ་བོ་ཆེ་བརྡུང་བ་སོགས་བྱེད་དགོས་ཏེ། གཞུང་ལས། བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་། །དེའི་གནས་ནི་ཁང་སྟེང་ངོ་། །དགེ་འདུན་འདུ་བའི་ཕྱིར་ནི་རྒྱུད་གསུམ་དང། དེ་སྙེད་ཀྱི་ཏོག་དག་གོ །ཅེས་པ་ནས། ཟན་གྱི་ཕྱིར་འདུ་བའི་དོན་དུ་ནི་གཎྜི་དང་ཆུང་ངུ་གཉིས་ཀ་བརྡུང་ངོ་། །བར་དུ་བཅད་དེའོ། །འགྱང་བས་སོ། །འདུས་པ་ཆེ་བའི་ཚེ་གཎྜི་བརྡུང་བས་གོ་བར་མི་འགྱུར་བ་ལྟར་ན་དུང་སྒྲས་ཏེ་འབུད་པར་བྱའོ། །རྔ་བོ་ཆེ་དག་བརྡུང་ངོ་། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:གཎྜི་བརྡུང་བའི་ཚུལ་

|; |@@@ | | }}