6935

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཏི་མུག་མེད་པ་ (1)
Part of speech མིང་ཚིག
Definition མངོན་པ། གཏི་མུག་མེད་པ་ཞེས་པ། སྐྱེས་ཐོབ་དང་སྦྱོར་བྱུང་གང་རུང་གི་རྒྱུ་ལས་གཏི་མུག་གི་གཉེན་པོ་བྱེད་ནུས་པའི་སོ་སོར་རྟོག་པའི་ཤེས་རབ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། གཏི་མུག་མེད་པ་གང་ཞེ་ན། རྣམ་པར་སྨིན་པ་ལས་སམ། ལུང་ལས་སམ། བསམ་པ་ལས་སམ། རྟོགས་པ་ལས་ཤེས་ཤིང་སོ་སོར་བརྟགས་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་སྟེ་འདི་གསུམ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ། ཉེས་སྤྱོད་ཐམས་ཅད་འགོག་པའི་ཐབས། ལམ་ཐམས་ཅད་ཀྱི་ཡང་སྙིང་པོ་ལྟ་བུ་ཡིན་ཏེ། ས་ལམ་ཐམས་ཅད་དུག་གསུམ་བག་ཆགས་དང་བཅས་པ་སྤོང་བའི་ཆེད་དུ་ཡིན་ཞིང་། ཉེས་སྤྱོད་ཐམས་ཅད་རྒྱུ་དུག་གསུམ་གང་རུང་རེ་ལས་ངེས་པར་འབྱུང་བས་འདིའི་བྱེད་ལས་ལ་ཡང་ཉེས་སྤྱོད་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ཞེས་གསུངས་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:གཏི་མུག་མེད་པ་

|; |@@@ | | }}