7029

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཏུམ་མོ་ (1)
Part of speech མིང་ཚིག
Definition བྱ་སྤྱོད་རྩུབ་མོ་ཅན་གྱི་བུད་མེད་ཀྱི་མིང་སྟེ། མའི་རྣམ་འབྱེད་ལས། བུད་མེད་གཏུམ་མོ་ཞེས་བྱ་བ་ནི། ཁྲོ་བ་འཐབ་ཀྲོལ་ཅན་ནོ། །ཞེས་གསུངས།
གཏུམ་མོ་ (2)
Part of speech མིང་ཚིག
Definition ལྷ་དབང་ཕྱུག་ཆེན་པོའི་བཙུན་མོ་ལྷ་མོ་ཨུ་མའི་མིང་།
གཏུམ་མོ་ (3)
Part of speech མིང་ཚིག
Definition ཙོ་རའི་མིང་ལའང་འཇུག་སྟེ། ཙོ་ར་ནི་ལོ་མང་སྐྱེ་བའི་རྩྭ་ལྡུམ་རྩ་བ་སྒོག་སོ་ཅན་མདོག་དཀར་ལ་དབྱིབས་འཇོང་བོ་ཞིག་ཡིན། ཚོད་མ་བྱེད་ཆོག་ལ་སྨན་དུའང་བཀོལ་ཆོག མེ་ཏོག་གི་འདབ་མའི་སྟེང་ན་སྟག་གཟིག་གི་པགས་པའི་ཐོག་གི་ཁྲ་ཐིག་ལྟ་བུ་ཡོད་པས། ཡུལ་གྲུ་ལ་ལར་མེ་ཏོག་སྟག་གཟིག་ཀྱང་ཟེར།
གཏུམ་མོ་ (4)
Part of speech མིང་ཚིག
Definition སྔགས་བླ་མེད། རྫོགས་རིམ་གྱི་རྩ་བའི་ཆོས་ཤིག་ཡིན་ཞིང། རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་ལྟེ་བའི་ཨ་ཐུང་ལས་བདེ་དྲོད་སྦར་བས་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་འཇོམས་པར་གཏུམ་པའི་ལས་བྱེད་ཅིང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱེད་པའི་ཉམས་ལེན་ཞིག
Domain ཆོས་ལུགས།
གཏུམ་མོ་ (5)
Part of speech མིང་ཚིག
Definition རང་གི་ལུས་ཀྱི་ལྟེ་བའི་གནས་སུ་མ་ལས་ཐོབ་པའི་ཁམས་དམར་པོའི་དྭངས་མ་དབྱིབས་ཨ་ཐུང་ཤད་ཀྱི་རྣམ་པ་ཅན། ཁ་དོག་དམར་ལ་དྲོད་ཀྱི་རང་བཞིན་རེག་བྱ་ཚ་བ་ཞིག དེ་ལ་གཙོ་བོ་ལྟེ་བ་དང་གསང་གནས་ཀྱི་གཏུམ་མོ་གཉིས་ཡོད་དེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། སྤར་རྒྱུའི་མེ་རྡུལ་གྱི་ངོ་བོའི་ཁྲག་ནི་ལུས་ཀྱི་ཆ་མང་པོ་ན་གནས་ཀྱང༌། གཙོ་བོ་ནི་ཨ་ཐུང་གིས་མཚོན་པའི་ལྟེ་བའི་གནས་དང༌། ཀྵ་ཡིག་གིས་མཚོན་པའི་ཚངས་པའི་མེ་ཞེས་པ་ལྟེ་འོག་གི་གསང་གནས་ལ་གནས་པ་གཉིས་ཏེ། དེ་ཡང་དྷཱུ་ཏཱིའི་ནང་ན་གནས་པའོ། །
གཏུམ་མོ་ (6)
Part of speech མིང་ཚིག
Definition དེ་ལ་གཏུམ་མོ་ཞེས་པའི་སྒྲ་དོན་ནི་སྤང་བྱ་ཉོན་མོངས་པའི་ཚོགས་འཇོམས་པ་ལ་དཔའ་ཞིང་གཏུམ་པ་དང་། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྟེར་བར་བྱེད་པའི་དཔའ་མོ་ཡིན་པས་ན་གཏུམ་མོ་ཞེས་བྱ་ལ། བྱེད་ལས་ནི་ཡང་དག་པའི་ཡེ་ཤེས་ཀྱི་མེས་ཀུན་རྟོག་གི་འཆིང་བའི་བུད་ཤིང་སྲེག་པར་བྱེད་ཅིང་། བྱེ་བྲག་ཏུ་བསྐྱེད་རིམ་ཕྱིའི་གཏུམ་མོས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཇོམས། སྲོག་རྩོལ་ནང་གི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས། འབར་འཛག་གསང་བའི་གཏུམ་མོའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས། བློ་བྲལ་དེ་ཁོ་ན་ཉིད་ཀྱི་གཏུམ་མོས་ལྷན་སྐྱེས་ཀྱི་ཡེ་ཤེས་རྟོགས་པར་བྱེད་པའོ། །