7063
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི། ཨ་མོ་རི་མུའི་གདུང་རབས་སུ། རབ་བྱུང་བཅོ་ལྔའི་མེ་འབྲུག་ ༡༩༡༦ ལོར་བལྟམས། སློབ་དཔོན་དཔལ་འབྱོར་དང་ཡོངས་འཛིན་མཚན་སློབ་དངོས་གྲུབ་ལས་རིག་གནས་གསན་སྦྱོང་དང༌། རིགས་བདག་སྲིད་ཞི་རྣམ་རྒྱལ་ལས་འདུལ་བའི་བསླབ་ཚིགས་སྔ་མ་གཉིས་དང་སྨིན་གྲོལ་གྱི་གདམས་པ་བཞེས། ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བས་ཉམས་རྟོགས་འཁྲུངས། མཁན་ཆེན་ཆོས་ཀྱི་དབང་ཕྱུག་དྲུང་དུ་བསྙེན་པར་རྫོགས། ཉེར་ལྔ་ལ་རྗེ་མཁན་རབས་དྲུག་ཅུ་པའི་ཁྲི་བཟུང༌། ལོ་དྲུག་བསྟན་པ་ཚུལ་བཞིན་བསྐྱངས། སོ་གཅིག་ལ་ཁྲི་ལས་གཞོལ་ཏེ་དབེན་པ་བསྟེན་པའི་མཐར། སོ་ལྔ་པ་ལྕགས་སྟག་ ༡༩༥༠ ལོར་གཤེགས་སོ། །དེ་ནས་ལྔ་པ་ཡེ་ཤེས་དངོས་གྲུབ་དང༌། དྲུག་པ་ད་ལྟར་འཚོ་གཞེས་པ་མི་ཕམ་ཆོས་ཀྱི་ཉིན་བྱེད་དོ། ། |
{{#arraymap:གཏེར་ཁུངས་བཞི་བ་ཆོས་རྗེ་ངག་དབང་ཕྲིན་ལས་
|; |@@@ | | }}