7099

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཏེར་ལུང་གསལ་བའི་མེ་ལོང་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གཏེར་ལུང་གསལ་བའི་མེ་ལོང་། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིང་མོ་ཡོས་ལ་ནམ་སྙིང་མཚོ་རྒྱལ་གྱིས༔ ཡི་གེར་སྣང་སྟེ་བཀའ་ཤོག་ངོས་ལ་བཏབ༔ སིངྒ་ལ་ཡི་ཡུལ་རྒྱུད་ཆུ་དཀར་ཡུལ༔ དགེ་རིའི་བྲག་དམར་གསང་ཕུག་གོང་མར་སྦས༔ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་འགྱུར་ཐེ་ཚོམ་མེད༔ དགེ་རི་མ་དང་བྲག་བཙན་གཉན་ལ་གཏད༔ ཅེས་གཏེར་དུ་སྦས་ཤིང་། གཏེར་སྲུང་ལ་གཏད་དེ། མ་འོངས་ལས་ཅན་དང་འཕྲད་པའི་སྨོན་ལམ་མཛད་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་གདན་དྲངས་པའོ། །འདིའི་ནང་དོན་ནི། ཐུགས་སྒྲུབ་མ་ཆེན་གསང་བའི་སྲོག་ཏིག་དང་། པྲ་ཆེན་ཧསྟིའི་ཐུགས་གསང་ཞུན་ཐིག་ལ་སོགས་པའི་གཏེར་གནས་གང་དུ་ཡོད་པ་དང་། དེ་དག་གི་ཕན་ཡོན། དེ་དག་སུ་དང་སུའི་ཐུགས་གཏེར་ཡིན་མིན་སོགས་བསྟན་པའོ། །
གཏེར་ལུང་གསལ་བའི་མེ་ལོང་ (2)
Part of speech མིང་ཚིག
Definition དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་སྡེ་ཚན། གཏེར་ལུང་གསལ་བའི་མེ་ལོང་གི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཤིག