7105

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཏེར་སྟོན་དགོན་ (1)
Part of speech མིང་ཚིག
Definition བོད་མདོ་ཁམས་ནང་ཆེན་ཁུལ། ཤར་མདའ་གྲོང་རྡལ་ཁོངས་སུ་ཆགས་པའི་གཏེར་སྟོན་དགོན་འདི་ནི། བོ་ནག་མགོན་རྒྱལ་ཞེས་པའི་རི་གཤམ། དཔལ་ལུང་སྤེན་འཕང་ནག་གི་མདོར། ས་དཀར་པོའི་ཨེ་ཝཾ་རང་བྱོན་ཡོད་པའི་དབུས་སུ། གཏེར་སྟོན་ཨོ་རྒྱན་འགྲོ་འདུལ་ཀུན་འདུས་གླིང་པས་ཕྱག་བཏབ་པ་ཞིག་ཡིན་ཅིང་། ད་བར་ལོ་ངོ་ཆིག་བརྒྱ་བཅོ་བརྒྱད་ཙམ་གྱི་ལོ་རྒྱུས་ཡོད་འདུག གུ་རུ་རྗེ་དང་མཁའ་ཁྱབ་རྡོ་རྗེས་ལུང་བསྟན་པ་ལྟར། ན་བུན་རྫོང་གི་ཉེ་ཆར་རྒྱལ་པོ་གདན་ལ་བཞུགས་འདྲའི་མགུལ་དགོན་ས་ཐོབ་གསུངས་པའི་བཀའ་དང་། སྔོན་གུ་རུའི་ལུང་བསྟན་ལས། ཌཱ་ཀི་རིགས་ལྔ་ལས་ཀྱི་ཕྱག་རྒྱར་བསྔགས། །མཚོ་རྒྱལ་དངོས་སྣང་བྱང་གི་ཕྱོགས་ནས་འབྱུང་། །མཚོ་ཡི་མིང་ཅན་པདྨའི་རིགས་སྔགས་འཆང་། །ཞེས་ལུང་བསྟན་པ་ལྟར་དགུང་ལོ་ཉེར་བདུན་སོན་སྐབས་དགེ་མཚོ་ཁབ་དུ་བཞེས་ནས། གནས་དེར་ཕེབས། དེར་སྒྲུབ་ཁང་དང་། མཛོད་ཁང་། ཇ་ཁང་བཅས་བཞེངས་ཤིང་། རྒྱལ་དབང་མཆོག་གིས་དགོན་པའི་མཚན་ལ་བཀྲ་ཤིས་ཆོས་ཀྱི་དགའ་ཚལ་གསོལ། གཏེར་སྟོན་ཉིད་ཀྱིས་གཏུམ་ཆེན་འོད་འབར་གླིང་ཞེས་བཏགས། གཏེར་ཡུམ་ལ་སྔ་ཕྱིར་སྲས་མིང་སྲིང་གསུམ་འཁྲུངས། སྲས་དང་པོ་སྒྲུབ་དགའ་དང་། སྲས་མོ་འཇམ་དབྱངས་དབང་མོ། ཐ་ཆུང་ཆོས་དབྱིངས་ལྷུན་གྲུབ་གསུམ་བྱུང་། ཡུལ་གཙོ་སྦས་ཚང་དང་སྦྲུལ་མཆུ་ཚེ་དགའ་གཙོས་སྦྱིན་བདག་རྣམས་ཀྱིས་རྒྱུ་སྦྱོར་ལ་བརྟེན་གཙུག་ལག་ཁང་། ཀ་བ་སུམ་ཅུ་སོ་ལྔའི་རྒྱ་ཁྱོན་ཅན་དང། ནང་རྟེན་ཕྱག་རྡོར་སྒྲུབ་རྟེན་ལ་ཁྱེའུ་རིག་འཛིན་ཆེན་པོའི་གཏེར་མ་ལི་ནག་གི་ཕྱག་རྡོར་སྐུ། ཉང་གཏེར་ལི་ཡི་རྡོ་རྗེ་རྩེ་དགུ། ལི་ནག་རྡོར་སེམས་ཀྱི་སྐུ། མཆོག་གླིང་གཏེར་བྱོན་སྐུ་ཚབ་ཉེར་ལྔའི་གྲས་གཅིག ནང་ཆེན་ཆོས་རྒྱལ་གྱིས་གནང་བའི་སྟོན་པའི་སྐུ་བྱིན་ཅན་གཙོས་ལི་མ་བཅུ་ཕྲག་ཙམ། ཞལ་ཐང་གསེར་ཐང་དཔག་བསམ་འཁྲི་ཤིང་གཙོས་གྲངས་མང་། གསུང་རྟེན། རྒྱལ་བའི་བཀའ་འགྱུར་སྡེ་དགེའི་མཚལ་པར་གཙོས། རང་ལུགས་འབྲུག་པའི་ཁྲིད་ཡིག་སོགས་པོད་སྣ་མང། ཤིང་པར་པར་ཐུང་ཆོས་ཚན་སྣ་མང་བཅས་བཞུགས། ཐུགས་རྟེན་ལ། བཀའ་གདམས་མཆོད་རྟེན་བཅས་མང། རྒྱ་དམར་གྱི་དུས་འགྱུར་སྐབས་དགོན་པ་སྤྱི་མཚུངས་བཞིན་ཉམས་ཉེས་ཆེན་པོ་བྱུང་འདུག སླར་ཡང་གུ་ཡངས་ཀྱི་རྣམ་པའི་སླར་གསོའི་ཆོག་མཆན་ཐོབ་ནས། གཏེར་སྤྲུལ་ཆོས་དབྱིངས་ལྷུན་འགྲུབ་ནས། བཀྲ་ཤིས་ཆོས་ཀྱི་དགའ་ཚལ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་། དེའི་གདུང་སྲས་ཉི་མ་བསམ་འགྲུབ་ལ་སྲས་ལྕམ་སྲིང་གཉིས་བྱུང་། ཡབ་མེས་རྣམས་ཀྱི་སྔར་རྒྱུན་ལྟར་འདུ་ཚོགས་སྒྲུབ་གསུམ་གྱི་ཁར། ཚེ་སྒྲུབ་གསར་དུ་བཙུགས། བར་ལམ་རྒྱུན་ཆད་པའི་བཛྲ་དུང་སྒྲུབ་ཉམས་གསོ་མཛད། གཙུག་ལག་ཁང་ལ་ཚོན་རྩི་ལོགས་རིས་བཏང་བ་དང་། གསེར་འཕྲུ་རྒྱལ་མཚན་དང་རི་དྭགས་ཆོས་འཁོར་གྱིས་བརྒྱན་ནས་བཟོ་བཀོད་སྔར་བས་ཕུན་སུམ་ཚོགས་པར་མཛད། མགོན་ཁང་དང་གྲྭ་ཤག་གསར་དུ་བརྒྱབ་པ་སོགས་དགོན་སྡེ་འདི་དར་རྒྱས་ཇེ་ཚོགས་སུ་བཏང་དང་གཏོང་བཞིན་པ་བཅས་ཡིན་འདུག

{{#arraymap:གཏེར་སྟོན་དགོན་

|; |@@@ | | }}