7113

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཏེར་སྟོན་སྐལ་ལྡན་བྱིས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་སྟོད་དུ་མངའ་རིས་གུ་གེ་འདམ་གྲོག་ཟེས་པར་འཁྲུངས། ཆུང་དུས་སུ་བྱིས་པ་མང་པོ་དང་མཉམ་དུ་བྱེ་མའི་སྦོ་ཆེན་པོ་ཞིག་བྲུས་པས། རྡོའི་སྒྲོམ་གྲུབ་འགེབས་དང་བཅས་པ་ཞིག་རྙེད་པ་ཁ་ཕྱེས་པའི་ནང་ནས་སེམས་ཅན་རིགས་མི་གཅིག་པ་མང་པོ་ཞིག་གིས་ཤིག་ཤིག་ཏུ་འགུལ་བ་བྱུང་བས་བྱིས་པ་གཞན་རྣམས་ཤི་བ་དང་། ཁོང་གིས་རྡོ་སྒྲོམ་གྱི་ཡ་ཁེབས་འཁྱེར་ནས་བྲོས་པས་སྐྱོན་མ་བྱུང་། སྐབས་དེར་མངའ་རིས་གུ་གེའི་ཡུལ་དུ་ནད་ཡམས་ཆེན་པོ་བྱུང་སྟེ། གཉན་རིམས་ཀྱི་རིགས་མི་འདྲ་བ་དུ་མས་མི་ཕྱགས་མང་པོ་ཤི་བ་ན། གཏེར་ལས་བཞེས་པའི་རྡོ་སྒྲོམ་གྱི་ཡ་ཁེབས་དེ་ལས་རིམས་སྲུང་ཚིག་དྲིལ་གྱི་སྐོར་རྣམས་བྱུང་སྟེ་འཁོར་ལོ་དང་། རྫས་སྔགས་རྣམས་བྱིན་པས་ནད་ཡམས་ཐམས་ཅད་སྐུད་པ་བཅད་པ་བཞིན་དུ་ཆད། ཟབ་པར་ཤེས་ཏེ་རིམ་པར་སྤེལ་བས་དེང་སང་གི་བར་དུ་གུ་གེ་ཆིག་དྲིལ་ཞེས་སྲུང་བ་ཟབ་མོར་བྱེད། ལུང་དང་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་དེང་དུས་འཚོ་བྱེད་ཆེན་མོ་བྱམས་པ་འཕྲིན་ལས་ལགས་ཀྱིས་མནོས་པར་གསུངས།

{{#arraymap:གཏེར་སྟོན་སྐལ་ལྡན་བྱིས་པ་

|; |@@@ | | }}