7203

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཏོར་མའི་ཆོ་ག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གཏོར་མའི་ཆོ་ག་ནི། སྐབས་འདིར་གཏོར་མ་བྱ་བར་འདུས་པ་རྩ་བཤད་དང་། འཕགས་པ་ཡབ་སྲས་ཀྱི་གཞུང་ལས་དངོས་སུ་མ་བཤད་ཀྱང་། སྒྲུབ་ཐབས་ཐུན་བཞིར་བྱས་ནས་ཉམས་སུ་ལེན་པའི་ཚེ་བགེགས་ཀྱི་བར་ཆད་མི་འབྱུང་བ་དང་། དངོས་གྲུབ་བསྒྲུབ་པ་ལ་ཐོག་མཐའ་བར་གསུམ་དུ་གཏོར་མ་གལ་ཆེ་བར་རྒྱུད་སྡེ་དུ་མ་ནས་གསུངས་ཤིང་། གྲུབ་ན་ཐུན་བཞི་ཀའི་མཐར་གཏོར་མ་བྱ་ལ། མ་གྲུབ་ན་ཐུན་ཐ་མའི་མཐར་གཏོར་མ་ངེས་པར་བྱ་དགོས་སོ། །གཏོར་མའི་སྣོད་ལ། པདྨའི་སྣོད་ཅེས་པ་ཐོད་པ་དང་། རས་ཀྱི་ཁྱོགས་སམ། ལོ་མའི་ཁུད་དམ། ཟངས་གཞོང་ལ་སོགས་པའི་སྣོད་རྣམས་སུ་འབུལ་བར་བཤད་ཅིང་། མ་འབྱོར་ན་རང་གི་ལག་པའི་ཁྱོར་བའི་མཐིལ་དུ་ཡང་འབུལ་དུ་རུང་བར་དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་གསུངས་སོ། །
Domain ཆོས་ལུགས།