7355

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:49, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གདམས་ངག་ (1)
Part of speech མིང་ཚིག
Definition ཕན་པའི་ངག་གམ་རང་གཞན་གྱི་སེམས་རྒྱུད་མ་རུངས་པ་སེལ་ཞིང་། ཡོན་ཏན་ལེགས་པའི་ཆ་གོང་འཕེལ་དུ་གཏོང་བའི་བསླབ་བྱ་གནད་ལ་ཁེལ་བའི་རིགས་ལ་ཟེར།
Example བླ་མའི་གདམས་ངག་ཉན། ཕ་མའི་གདམས་ངག་སེམས་ལ་འཛིན་ལྟ་བུ།
གདམས་ངག་ (2)
Part of speech མིང་ཚིག
Definition ཨ་བྷ་ཡས་མཛད་པའི་གདམས་ངག ཨ་བྷ་ཡས་མཛད་པའི་གདམས་ངག དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར། ཟུར་མཆན། འདི་ནི་ཀུ་རུ་ཀུལླེའི་དབང་དུ་བྱ་བའི་གདམས་ངག་གོ། བསྟན་འགྱུར་རྒྱུད་ཕུ་པར་བཞུགས།
གདམས་ངག་ (3)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བླ་མེད་རྫོགས་བྱང་ཐོབ་པའི་ཐབས་མ་ནོར་བར་སྟོན་པའི་ཐེག་ཆེན་གྱི་ངག་ཞིག་ལ་གདམས་ངག་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བཞི་པ་ཐེག་ཆེན་གདམས་ངག་གི་ངོ་བོ་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་ཐེག་ཆེན་གྱི་རྗོད་བྱེད་རྣམ་དག་ལ་འཇོག་པའི་ཕྱིར་ཏེ། དག་ལྡན་ལས། ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་པ་ནི་གདམས་ངག་སྟེ། ཅེས་དང། འགྲེལ་པར། འདོམས་པ་ནི་གདམས་ངག་སྟེ། ཅེས་དང་། དོན་བསྡུས་སྒྲོན་མེ་ལས། གདམས་ངག་རྣམ་པ་བཅུ་ཡིན་ཏེ། །ངོ་བོ་ངག་གི་འཁོར་ལོ་ཡིན། །ཞེས་གསུངས་འདུག དབྱེ་ན། ཐོབ་ཟིན་པའི་ཡོན་ཏན་མི་ཉམས་གོང་དུ་སྤེལ་བའི་ཕྱིར་དུ་འདོམས་པའི་གདམས་ངག་དང། ཡོན་ཏན་སྔར་མ་ཐོབ་པ་གསར་དུ་ཐོབ་པའི་ཕྱིར་དུ་འདོམས་པ་རྗེས་བསྟན་གྱི་གདམས་ངག་གཉིས་སུ་ཡོད་པའི་ཕྱིར། ཉན་པའི་ས་མཚམས་ནི་ལམ་མ་ཞུགས་ནས་རྒྱུན་མཐའི་སྔ་ལོགས་བར་དུ་ཡོད་པར་འདོད་དོ། །
Domain ཆོས་ལུགས།