7359

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:49, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གདམས་ངག་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གདམས་ངག་གསུམ་ནི། སྟོན་པ་མྱ་ངན་ལས་འདའ་ཁ་མར་འཇིག་རྟེན་གྱི་སློབ་མ་རྣམས་ལ་དུག་གསུམ་འཇོམས་པའི་གཉེན་པོར་བཞག་པའི་གདམས་ངག་གསུམ་མམ། བདུད་རྩི་གསུམ་ཞེས་ཀྱང་གྲགས་ཏེ། ཡིད་ཀྱི་མུན་སེལ་ལས། རྟག་པར་འཛིན་པ་ཤས་ཆེ་བ་རྣམས་གདུལ་བར་བྱ་བའི་ཕྱིར་དང་། སྐུ་དངོས་སུ་སྣང་བས་འདུལ་བའི་འགྲོ་བའི་ཆུ་སྣོད་ཀྱང་དེ་ཙམ་དུ་ཟད་པས་མྱ་ངན་ལས་འདའ་བར་བཞེད་ནས། འཇིག་རྟེན་གྱི་སློབ་མ་རྣམས་ལ་གདམས་ངག་གསུམ་གཞག་པའི་ཕྱིར། གྲོང་ཁྱེར་རྩྭ་མཆོག་གྱད་སྟོབས་པོ་ཆེ་འབྱུང་བའི་གནས། ཤིང་སཱ་ལ་ཟུང་ཞིག་གི་དྲུང་དུ་སེངྒེའི་ཁྲི་ལ་གཟིམས་ཏེ། མོའུ་འགལ་གྱི་བུ་ལ་བཀའ་བསྩལ་བ། རྫུ་འཕྲུལ་ཅན་ཁྱོད་སོང་ལ་ངའི་སློབ་མ་བསྟན་པ་འདིར་ཞུགས་པ་གང་ཇི་སྙེད་པ་བསྡུས་ཤིག་ཅེས་བསྐུལ་བ་དང་། མོའུ་འགལ་གྱི་བུས་སྐད་ཅིག་དེ་ཉིད་ལ་རི་རབ་ཀྱི་རྩེར་སོང་སྟེ། རྫུ་འཕྲུལ་གྱི་སྒྲ་སྐད་ཆེན་པོས་ཕྱོགས་བཅུར་སྨྲས་པ། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདི་པར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་པ་ལ་སོགས་པ་རྒྱ་ཆེར་བརྗོད། ཅེས་གསུངས།
Domain ཆོས་ལུགས།