7491

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:49, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གདུང་རྒྱུད་རྒྱལ་པོ་སྡེ་དྲུག་ (1)
Part of speech མིང་ཚིག
Definition བོན། ཡ་ཐོག་ནས་བྱོན་པའི་ལྷ་ཡིས་བྱིན་གྱིས་རློབས་པའི་རྒྱལ་རིགས་ཞིག་སྟེ། དྲུག་ནི། རྒྱལ་རིགས་དམུ་ཡི་གདུང་འཛིན། གར་ཆེན་ཤག་གི་གདུང་འཛིན། གསས་རྗེ་ཧོས་ཀྱི་གདུང་འཛིན། རྒོད་རྗེ་རྒྱ་ཡི་གདུང་འཛིན། གནམ་རྗེ་དཔོ་ཡི་གདུང་འཛིན། མཁའ་འགྱིང་གཉན་གྱི་གདུང་འཛིན་དང་དྲུག་སྟེ། མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཅིག་ལས། གཤེན་ལྷ་འོད་དཀར་བྱིན་གྱིས་རློབས། རྒྱལ་རིགས་དམུ་ཡི་གདུང་རྒྱུད་འཛིན། གར་གསས་བཙད་པོའི་བྱིན་གྱིས་རློབས། གར་ཆེན་ཤག་གི་གདུང་རྒྱུད་འཛིན། གསས་རྗེ་རྨང་པོའི་བྱིན་གྱིས་རློབས། གསས་རྗེ་ཧོས་ཀྱི་གདུང་རྒྱུད་འཛིན། རྒོད་གསས་ཁམས་པའི་བྱིན་གྱིས་རླབས། རྒོད་རྗེ་རྒྱ་ཡི་གདུང་རྒྱུད་འཛིན། གནམ་གསས་དབྱིངས་རུམ་བྱིན་གྱིས་རླབས། གནམ་རྗེ་དཔོ་ཡི་གདུང་རྒྱུད་འཛིན། མཁའ་འགྱིང་གཉན་གྱི་གདུང་འཛིན། ཞེས་སོ། དེ་དག་གི་གདུང་རབས་ནས་ཆད་པའི་གདུང་འཛིན་གྱི་སྐྱེས་བུ་ནི། དམུ་རིགས་གཤེན་གྱི་གདུང་རྒྱུད་དང། མཁའ་འགྱིང་གཉན་གྱི་གདུང་རྒྱུད་བཅས་ད་བར་བོད་དུ་བོན་པོའི་སྤྱི་ཚོགས་ཁྲོད་དུ་དེ་དག་གི་གདུང་འཛིན་སྐྱེས་བུ་དམུ་ཆགས་སུ་གནས་ཡོད།