7580
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་དགེ་སློང་གཞན་ལ་བྱིན་པའི་གོས་སམ་ལྷུང་བཟེད་རྐུ་སེམས་དང་ཡིད་བཅུགས་མེད་པར་འཛེམ་མེད་དུ་ལོངས་སྤྱོད་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། རང་གིས་དགེ་སློང་ལ་བྱིན་པའི་གོས་སམ། ལྷུང་བཟེད་ལ་སྲི་བ་མེད་པར་ལོངས་སྤྱོད་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་གོས་སོགས་གདེང་མེད་པར་སྤྱད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |