7905

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:50, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གནམ་ལོའི་མདུན་རྒྱབ་ (1)
Part of speech མིང་ཚིག
Definition སྤྱིར་གནམ་ལོའི་མདུན་ནི་མ་འོངས་པའི་ལོ་དེ་རང་དང་། རྒྱབ་ནི་འདས་མ་ཐག་པའི་ལོ་དེ་རང་ལ་ཟེར་བ་ཡིན། བྱེ་བྲག་ཏུ་གནམ་ལོའི་མདུན་རྒྱབ་གཉིས་ཀར་དགུ་དུར་གཉིས་འཛོམས་ལ་ཚུད་པ་རེ་རེ་ཡོད་པར་བཤད་པའི་མདུན་ནི་གོང་དང་མཚུངས་ཀྱང་། རྒྱབ་ནི་འདས་མ་ཐག་པའི་ལོ་དེར་མི་བྱ་བར་མདུན་ལོ་དེའི་བདུན་ཟུར་ཉིད་ལ་ཟེར་ཞིང་། དེར་རྒྱབ་ཟེར་དོན་མདུན་དུ་བགྲངས་ན་གནམ་ལོའི་བདུན་ཟུར་ལས་བརྒལ་པས་ཡིན་པར་འདོད། གལ་སྲིད་གནམ་ལོ་བྱ་ཡིན་པར་ཆ་བཞག་ན། མདུན་ལོ་ཁྱི་དང་། སྤྱིར་བཏང་གི་རྒྱབ་ལོ་སྤྲེལ། བྱེ་བྲག་གི་རྒྱབ་ལོ་ཁྱིའི་བདུན་ཟུར་འབྲུག་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:གནམ་ལོའི་མདུན་རྒྱབ་

|; |@@@ | | }}