7917
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐར་རྩིས་ས་རིས་ལས་བྱུང་བ་སྟེ། གཅིག་གསུམ་མགྲོན་གྱི་གནམ་སྒོ། །གཉིས་གསུམ་ཚོང་གི་གནམ་སྒོ། །གསུམ་གསུམ་བུ་ཆུང་གི་གནམ་སྒོ། །བཞི་གསུམ་དམག་གི་གནམ་སྒོ། །ལྔ་གསུམ་གཉེན་གྱི་གནམ་སྒོ། །དྲུག་གསུམ་མཁར་གྱི་གནམ་སྒོ། །བདུན་གསུམ་བག་མའི་གནམ་སྒོ། །བརྒྱད་གསུམ་དུར་གྱི་གནམ་སྒོ། །དགུ་གསུམ་ཤིད་ཀྱི་གནམ་སྒོ། །བཅུ་གསུམ་སྤྱི་ཡི་གནམ་སྒོ་ལ། །ཅི་བྱས་ཕུང་ཞིང་རང་རང་གི །བྱ་བ་མཐའ་དག་འཛེམས་པ་དགོས། །ཞེས་སོ། ། |
Domain | རྩིས་རིག |
{{#arraymap:གནམ་སྒོའི་འབྲས་བཤད་བཅུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དཔྱད་གསུམ་འབྲས་རྩིས་རཏྣའི་བང་མཛོད་སྣང་བའི་དགའ་སྟོན་ལས་བྱུང་བ་སྟེ། གཅིག་གསུམ་མགྲོན་སྒོར་དོན་གཉེར་དང་། །མགྲོན་བྱས་ཁྱིམ་དེ་གུད་པར་འགྱུར། །གཉིས་གསུམ་ཚོང་སྒོར་ཚོང་བྱས་ན། །ཚོང་ཉེས་གོད་ཁ་རྒྱུན་མི་འཆད། །གསུམ་གསུམ་བུ་སྒོར་བུ་བཙས་དང་། །བུ་སྟོན་སྒོར་ཁྲིད་བྱས་ན་འཕུང་། །བཞི་གསུམ་དམག་སྒོར་དམག་དྲངས་ན། །ཕམ་ལ་ལན་དགུ་འདྲེན་དགོས་ཡོང་། །ལྔ་གསུམ་གཉེན་སྒོར་གཉེན་བྱས་དགྲས། །སྟོན་མོ་བྱས་ན་སྟོར་བརླག་འགྲོ། །དྲུག་གསུམ་མཁར་སྒོར་མཁར་བརྩིག་ན། །ས་སྐམས་ལོང་མེད་གྱོད་བྱུང་ངོ་། །བདུན་གསུམ་བག་སྒོར་བག་བྱས་ན། །ཡུགས་ས་ཡང་ཡང་འབབ་ཅེས་ཟེར། །བརྒྱད་གསུམ་དུར་སྒོར་དུར་བཏབ་ན། །དུར་སྲི་བཏུད་ཅིང་ཐ་མར་འཕུང་། །དགུ་གསུམ་ཤིད་སྒོར་ཤིད་བྱས་ན། །སྤང་མ་མ་སྐོམ་པ་རུ་གྱོད། །བཅུ་གསུམ་སྤྱི་ཡི་གནས་སྒོ་ལ། །ལས་སོགས་ཅི་བྱས་ཉེས་ཤིང་འཕུང་། །དེ་ཕྱིར་འཛེམ་བྱ་མ་ནོར་གཅེས། །ཞེས་སོ། ། |
{{#arraymap:གནམ་སྒོའི་འབྲས་བཤད་བཅུ་
|; |@@@ | | }}