7948
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། སྤྱིར་གསོ་སྦྱོང་དེ་མཚམས་པོ་ཆེའི་ནང་དུ་བྱ་དགོས་པ་ཡིན་ཀྱང་རྐྱེན་དབང་གི་བྱ་མ་ནུས་ན་ཐང་ལ་སོགས་དཀྱིལ་འཁོར་གྱི་མཚམས་བཅད་ནས་གསོ་སྦྱོང་བྱེད་ཀྱང་ཉེས་པ་མི་འབྱུང་བ་ནི་དེའི་དམིགས་གསལ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཡོད་དེ། མདོར། ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ་ཞེས་འབྱུང་བ་ལས། མཚམས་པོ་ཆེ་བཅད་པའི་ནང་དུ་གསོ་སྦྱོང་བྱེད་པའི་སྐབས་མ་བྱུང་ན། དཀྱིལ་འཁོར་པའི་མཚམས་བཅད་པའི་གནས་སུ་གསོ་སྦྱོང་བྱ་རུང་བའི་ཕྱིར། དེ་བཅད་པའི་དགོས་པ་ནི་ལས་ལ་འདུ་བ་ཁྱབ་ཆེས་པ་དགག་པའི་ཆེད་དུ་ཡིན། གཅོད་ཚུལ་ཡང་རྣམ་པ་བཞིས་ཤེས་པར་འགྱུར་ཏེ། གནས་ཀྱི་དབང་དུ་བྱས་ན། གདིང་བ་བཞི་བཅུ་ཤོང་བ་ཡིན་པ། རང་བཞིན་གྱི་མཚམས་རྒྱ་ཆེན་པོའམ། མཚམས་པོ་ཆེ་བཅད་པ་ཡིན་པ། ཕྱོགས་བཞིར་མཚན་མ་བརྟན་པོ་བཙུགས་པ། ཆུ་བོ་སོགས་མཚམས་གཞན་བྱུང་བ་མ་ཡིན་པ། སྔར་དཀྱིལ་འཁོར་པའི་མཚམས་བཅད་ཟིན་མ་ཡིན་པ། གཞན་དཀྱིལ་འཁོར་བའི་མཚམས་བཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་པ་རྣམས་དགོས། རྟེན་གྱི་དབང་དུ་བྱས་ན་མཚན་ཉིད་བཞི་ལྡན་གྱི་དགེ་འདུན་གྱིས་གཅོད། ཆོ་གའི་དབང་དུ་བྱས་ན་གསོལ་གཉིས་ཀྱི་ལས་ཀྱིས་གཅོད། འཇིག་རྒྱུའི་དབང་དུ་བྱས་ན་སྤྱིར་བཏང་ལ་མཚམས་པོ་ཆེ་བཅད་པའི་འཇིག་རྒྱུ་ཀུན་གྱིས་འཇིག །དམིགས་བསལ་ནི་མཚམས་པོ་ཆེའི་ནང་དུ་དགེ་སློང་ཡོད་ཀྱང་དེར་གཏོགས་པའི་དཀྱིལ་འཁོར་བའི་མཚམས་བཅད་པའི་ནང་དུ་དགེ་སློང་མེད་ན་དེ་མི་འཇིག་པ་སོགས་ཡིན་པའི་ཕྱིར། མཚམས་ཆེ་ཆུང་གཅད་པ་མེད་ན་མཚམས་གང་གིས་བྱེད་པ་ཡང་མདོར། མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་རྩིགས་པ་མཚམས་ཡིན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |