7978

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:50, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གནས་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་ཡུལ་འཁོར་སྲུང་གིས་ཞུས་པའི་མདོ་ལས་བྱུང་བ་སྟེ། དགེ་སློང་གི་གནས་ནི། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ། །ལྷོད་པའི་གནས་ནི། ཚུལ་ཁྲིམས་འཆལ་བའི་ཕྱོགས་གང་ཡིན་པ།
Domain ཆོས་ལུགས།
གནས་གཉིས་ (2)
Part of speech མིང་ཚིག
Definition རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ལས་བྱུང་བ་སྟེ། རང་བཞིན་གྱིས་དབེན་པའི་རི་ལ་སོགས་པ། རང་བཞིན་གྱིས་སྟོང་པའི་འདུ་འཛི་དང་བྲལ་བའི་གཙུག་ལག་ཁང་གི་བྲང་ཁང་ལ་སོགས་པ།
གནས་གཉིས་ (3)
Part of speech མིང་ཚིག
Definition བྱིན་གྱིས་རླབས་པའི་གནས་དང་ཡིད་དུ་འོངས་བའི་གནས་སོ། །དེ་ལ་བྱིན་གྱིས་རླབས་པའི་གནས་ནི། དུར་ཁྲོད་ལ་སོགས་དང་། ཡིད་དུ་འོངས་པའི་གནས་ནི། རང་གི་ཡིད་དུ་འོངས་པའི་གནས་གང་ཡང་རུང་བའོ། །དེ་གཉིས་ཀ་ལ་ཚོགས་དུས་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། བླ་གབ་མེད་པ་ལ་སོགས་པ་མ་ཡིན་པ་དབེན་པའོ། །