8143

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:50, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གནས་མདོ་བླ་མ་གྲུབ་དབང་ཀརྨ་ཡན་ལག་འབྱུང་ (1)
Part of speech མིང་ཚིག
Definition གནས་མདོ་བླ་མ་དམ་པ་གྲུབ་དབང་ཀརྨ་ཡན་ལག་འབྱུང་མཆོག་ནི། སྟོད་གངས་ཏི་སེ་དང༌། དབུས་གཙང་བལ་ཡུལ། ལྷོ་དྭགས་ཀོང་པོ། ཙ་རི་ཏྲ། རོང་བཙན་ཁ་བ་དཀར་པོ་ཡན་གནས་ཆེན་དང་གནས་ཕྲན། སྒྲུབ་གནས་གདན་ས་སོགས་སུ་ཕྱག་སྐོར་སྨོན་ལམ་དང་དཀའ་བ་དཔག་མེད་སྤྱད་ནས་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པའི་བླ་མའི་གདམས་ངག་རྣམས་ཚུལ་བཞིན་ཉམས་བཞེས་གནང༌། རྗེ་ཡོངས་འཛིན་འཇམ་དཔལ་དཔའ་བོ་རིགས་ཀྱི་བདག་པོར་བསྙེན་ནས་ཆོས་དྲུག་དང་ཕྱག་ཆེན་སོགས་ཁྲིད་ཆེན་བརྒྱད་རྫོགས་པར་གསན། ལོ་གསུམ་གྱི་དམ་བཅའ་ཕུལ་ནས་འབྲུག་བདེ་ཆོས་ཀྱི་སྒྲུབ་གྲྭ་ལ་བཞུགས་ནས་ཕྱག་ཆོས་གཉིས་ལ་ཉམས་བཞེས་མཛད། ཡུན་རིང་མི་དགོས་པར་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས་པ་ལུང་བསྟན། ཁམས་སུ་བྱོན་ནས་རང་ཡུལ་རྒྱ་ནག་ཕུག་པར་ལམ་ཟབ་མོ་བླ་མའི་སྒྲུབ་པ་མཛད་པའི་དུས་སུ། ཞག་ཉེར་ལྔ་ཙམ་གྱི་ཉིན་གུང་གི་གདུགས་ཚོད་མཛད་པའི་སྐབས་ཤིག་ལ་རྗེ་འཇམ་དཔལ་དཔའ་བོ་ལ་མོས་གུས་དྲག་པོ་ཞིག་སྐྱེས་པའི་རྐྱེན་ལས་ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་གཟིགས། ཉམས་ཀྱི་དྲི་མ་སངས་ནས་ངོ་བོ་ལ་བློ་ཐག་ཆོད་པས་སྤྲོ་བ་དཔག་མེད་སྐྱེས། དེའི་ཕྱིར་དོན་དམ་འཕགས་པའི་བདེན་པ་ནི། རྗེ་འཇམ་དཔལ་དཔའ་བོའི་དྲིན་ལས་གཟིགས་པ་ཡིན་གསུངས། རྗེ་འཛི་སྒར་རྡོ་རྗེ་དྲག་པོ་ལས་ཀྱང༌། རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་དང༌། ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྨིན་ཁྲིད། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ལྗགས་ཁྲིད་སོགས་གསན། གཞན་ཡང་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ། རྒྱལ་དབང་འབྲུག་པ་རིན་པོ་ཆེ། རྗེ་ཞྭ་དམར་པ། སི་ཏུ་རིན་པོ་ཆེ། རྡོ་རྗེ་གཙུག་ལག་དགའ་བ། ཚེ་དབང་དཔལ་དར། སྐྱོ་བྲག་བསྟན་པའི་སྙིང་པོ། རྗེ་འབྲི་གུང་རིན་པོ་ཆེ། མགར་ཆེན་དྷརྨ་སུརྻཱ་སོགས་མང་པོ་བསྟེན། སྤྲོས་བྲལ་ཡེ་ཤེས་མངོན་སུམ་དུ་གྱུར་པའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པར་ཡོངས་ལ་གྲགས། སློབ་མའི་གཙོ་བོ་ནི་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ཡིན་ནོ། །

{{#arraymap:གནས་མདོ་བླ་མ་གྲུབ་དབང་ཀརྨ་ཡན་ལག་འབྱུང་

|; |@@@ | | }}