8230

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:51, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གནས་སྐབས་པའི་རྟེན་འབྲེལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་ཆ་གསུམ་དུ་ཡོད་ཅིང་ཆ་གསུམ་པོ་དེ་ཡང་ཚེ་གསུམ་ལ་རྫོགས་པ་ཡོད་དེ། མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་གཉིས་ཚེ་སྔོན་མ་དང་། སྐྱེ་བ་དང་རྒ་ཤི་གཉིས་ཚེ་གསུམ་པ་དང་། ལྷག་མ་བརྒྱད་ཚེ་བར་པ་ལ་རྫོགས་པ་ཡིན་པའི་ཕྱིར། ཁྱབ་མཐའ་འཛིན་པ་མ་ཡིན་ཏེ། ཚེ་གཉིས་དང་བཞི་སོགས་ལ་རྫོགས་པ་ཡང་ཡོད་པའི་ཕྱིར། དེ་གསུམ་ལ་རྫོགས་ཚུལ་དེ་གང་ཟག་གང་ཡང་རུང་བའི་དབང་དུ་བྱས་པ་མ་ཡིན་ཏེ། འདོད་པའི་སྐྱེ་གནས་དང་པོ་གསུམ་གྱི་ཚེ་གསུམ་ཡོངས་སུ་གྱུར་པའི་དབང་དུ་བྱས་པའི་ཕྱིར། དེ་ལྟ་བུའི་ཡན་ལག་བཅུ་གཉིས་པོ་རེ་རེ་ལ་ཡང་ཕུང་པོ་ལྔ་པ་ཅན་ཡིན་ནོ། །འོ་ན་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་ཇི་ལྟ་བུ་ཞེ་ན། ཡོད་དེ། སྔོན་འཕེན་བྱེད་ཀྱི་ལས་ཀུན་ནས་རྫོགས་པའི་གནས་སྐབས་ཀྱི་ཟག་བཅས་ཀྱི་ཕུང་པོ་ལྔ་མ་རིག་པའི་རྟེན་འབྲེལ་དང་། དེ་ལྟ་བུའི་ལས་གསར་དུ་གསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་འདུ་བྱེད་ཀྱི་རྟེན་འབྲེལ་དང་། ཚེ་འདིར་མངལ་དུ་ཉིང་འཚམས་སྦྱར་མ་ཐག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་རྣམ་ཤེས་ཀྱི་རྟེན་འབྲེལ་དང་། དེ་ལྟར་ཉིང་འཚམས་སྦྱར་བའི་སྐད་ཅིག་གཉིས་པ་ནས་སྐྱེ་མཆེད་དྲུག་དོད་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་མིང་གཟུགས་ཀྱི་རྟེན་འབྲེལ་དང་། སྐྱེ་མཆེད་དྲུག་དོད་པ་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་དང་། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ནས་བདེ་སྡུག་སོགས་ཀྱི་རྒྱུ་ཤེས་ནུས་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་རེག་པའི་རྟེན་འབྲེལ་དང་། དེ་ལྟར་ཤེས་ནུས་པ་ནས་འཁྲིག་པ་ལ་ལོངས་སྤྱོད་ནུས་པ་ཚུན་ཆད་ཀྱི་པུང་པོ་ལྔ་ཚོར་བའི་རྟེན་འབྲེལ་དང་། དེ་ལྟར་ནུས་པ་ནས་འཁྲིག་པ་ཕྱི་མ་ལ་ལོངས་སྤྱོད་ནུས་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་སྲེད་པའི་རྟེན་འབྲེལ་དང་། དེ་ནས་འཁྲིག་པའི་ལོངས་སྤྱོད་གཞན་ཐོབ་པའི་ཕྱིར་དུ་རྒྱུག་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་ལེན་པའི་རྟེན་འབྲེལ་དང་། ཡང་སྲིད་ཕྱི་མའི་རྣམ་སྨིན་གྱི་ཕུང་པོ་འཕེན་བྱེད་ཀྱི་ལས་ལ་སྲེད་ལེན་གྱིས་གསོས་བཏབ་པའི་དབང་གིས་ནུས་པ་མཐུ་ཅན་དུ་གྱུར་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་སྲིད་པའི་རྟེན་འབྲེལ་དང་། ཚེ་ཕྱི་མ་མངལ་དུ་ཉིང་འཚམས་སྦྱོར་བའི་སྐད་ཅིག་དང་པོའི་གནས་སྐབས་ཀྱི་ཕུང་པོ་ལྔ་སྐྱེ་བའི་རྟེན་འབྲེལ་དང་། དེ་ལྟར་ཉིང་འཚམས་སྦྱོར་བའི་སྐད་ཅིག་གཉིས་པ་ནས་ཚེ་ཕྱི་མའི་ཚོར་བ་འགྲུབ་པའི་བར་གྱི་ཕུང་པོ་ལྔ་ནི་རྒ་ཤིའི་རྟེན་འབྲེལ་ཡང་ཡིན། སྔར་གྱི་དེ་རྣམས་ཀྱང་སྐད་ཅིག་མའི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ། འབྲེལ་པ་ཅན་གྱི་རྟེན་འབྲེལ། གནས་སྐབས་པའི་རྟེན་འབྲེལ་ཏེ་བཞིའི་ནང་ནས་ཕྱི་མའི་དབང་དུ་བྱས་པ་ཡིན། ཞེས་སྟོན་པ་ལ། འདི་ནི་གནས་སྐབས་པར་འདོད་དོ། །ཞེས་གསུངས། དེ་རྣམས་གནས་སྐབས་པའི་རྟེན་འབྲེལ་ཡིན་ཏེ། མ་རིག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་མ་རིག་པའི་རྟེན་འབྲེལ་ཡིན་པ་ནས་རྒ་ཤིའི་གནས་སྐབས་ཀྱི་ཕུང་པོ་ལྔ་རྒ་ཤིའི་རྟེན་འབྲེལ་ཡིན་པའི་བར་ཡིན་པའི་ཕྱིར།
Domain ཆོས་ལུགས།