8410
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩ་ཆུ་སོགས་ཕྱི་རོལ་ཏུ་གྲང་རྟགས་སྟོན་ཀྱང་ངོ་བོ་ནང་ན་བད་རླུང་གཉིས་ཀྱི་ཚ་བ་མགོར་མནན་པའི་གབ་པའི་ཚད་པའི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། གབ་པའི་ཚ་བ་སྦས་པའི་མེ་དང་འདྲ། གྲང་རླུང་གཉིས་ཀྱི་ཚ་བའི་མགོར་བྱིབས་པས། བད་རླུང་འོག་ཏུ་ཚད་རྟགས་བག་ལ་ཉལ། ཕྱི་གྲང་ནང་ན་ཚ་བས་གབ་ཅེས་བྱ་ཞེས་འབྱུང་བ་ལྟ་བུ། |
| Domain | གསོ་རིག |