8495

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:55, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཙང་མ་ (1)
Part of speech རྒྱན་ཚིག
Definition དངོས་རྫས་བཙོག་དང་བྲལ་པའམ་དྲི་མས་མ་གོས་པའི་དོན་ཏེ། མིང་མཐའ་བསྡུས་ན་གཙང་ཞེས་འབྲི་ཆོག
Example ཤིང་ཏོག་གཙང་མ། ཆུ་གཙང་མ་ལྟ་བུ།
Synonyms གསལ་པོ། ཡང་དག སླད་མེད། བཅོས་མིན། གཡོ་མེད། གཤའ་མ། དྭངས་གཙང་། དག་མ།
Antonyms བཙོག་པ།
གཙང་མ་ (2)
Part of speech རྒྱན་ཚིག
Definition བསམ་བློ་མ་རུང་པ་དང་སྤྱོད་པ་ངན་པ་སོགས་ཀྱིས་ཤན་ཤུགས་མ་ཐེབས་པའི་དོན་ཏེ།
Example སེམས་གཙང་མ། ཀུན་སློང་གཙང་མ། དད་པ་གཙང་མ། དམ་ཚིག་གཙང་མ། ལག་གཙང་མ་ལྟ་བུ།
གཙང་མ་ (1)
Part of speech མིང་ཚིག
Definition བོད་ཟླ་ལྔ་པའི་མིང་སྟེ། དུས་འདིར་ཆར་ཆུ་བྲུག་ནས་ས་གཞི་དང་ལྗོན་ཤིང་སོགས་གཙང་མར་བྱེད་པས་ནའོ། །
Type མངོན་བརྗོད།