8585

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:56, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཙུག་ཏོར་རྣམ་རྒྱལ་མ་ (1)
Part of speech མིང་ཚིག
Definition རྣམ་རྒྱལ་མའི་གཟུངས་ལས་བྱུང་བའི་ལྷ་མོ། དེ་ཡང་པད་ཟླའི་གདན་ལ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་པོ་སྒེག་པའི་ཉམས། གཡས་ཞལ་སེར་པོ་ཞི་བའི་ཉམས། གཡོན་ཞལ་སྔོན་པོ་དྲག་པོའིི་ཉམས་ཅན། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་གཉིས་པས་པད་གདན་ལ་གནས་པའི་འོད་དཔག་མེད། གསུམ་པས་མདའ། བཞི་པས་མཆོག་སྦྱིན་མཛད་པ། གཡོན་གྱི་དང་པོས་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཉིས་པས་མི་འཇིགས་སྦྱིན་པ། གསུམ་པས་གཞུ་དང༌། བཞི་པས་བདུད་རྩིས་གང་བའི་བུམ་པ་འཛིན་པ། དབུ་སྐྲ་ཕྱེད་ཐུར་དུ་ཕབ་ཅིང་ཕྱེད་ཐོར་ཚུགས་སུ་བཅིངས་ཤིང༌། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །འཁོར་གཡས་གཡོན་ལ་སྤྱན་གཟིགས་དང་ཕྱག་རྡོར། མདུན་རྒྱབ་ལ་ལྷའི་བུ་རེ་རེ། སྒོ་བཞིར་ཁྲོ་བོ་བཞི་སྟེ་བརྒྱད་དོ། །
Domain ཆོས་ལུགས།