8698

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:57, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞག་བླ་མ་ཡེ་ཤེས་འབུམ་པ་ (1)
Part of speech མིང་ཚིག
Definition ཀཿཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བརྒྱད་པ་སྟེ། ཁོང་གིས་ཀཿཐོག་ཏུ་འཆད་ཉན་གྱི་བྱ་བ་རྒྱ་ཆེར་མཛད་ཁྱད་པར་དབུས་གཙང་རྣམས་སུ་བྱོན་ནས་འདུས་པ་མདོ་དབང་གི་ཆོས་སྐྱེལ་འབུལ་བས་ཆོས་བརྒྱུད་རིམ་བཞིན་མོན་ཀཿཐོག་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་དང་ཀཿཐོག་པ་རྣམ་གྲོལ་བཟང་པོ། ཀཿཐོག་པ་ཆོས་ཀྱི་སེངྒེ། ལྷ་གྲོ་པ་ཆོས་ཀྱི་དབང་པོ་སོགས་ལས་བརྒྱུད་དེ་སྨན་ལུང་པ་བློ་མཆོག་རྡོ་རྗེས་གསན། དེས་རྡོར་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ལ་གསུངས་ཏེ་མདོ་དབང་ཟུར་ལུགས་ཞེས་ཡོངས་སུ་གྲགས་པས་དེ་དང་བརྒྱུད་པ་ཕྱོགས་གཅིག་ཏུ་བབས་པ་དང༌། ཡང་བྲའོ་ལས་མོན་ཀཿཐོག་པ་དཀོན་མཆོག་བཟང་པོས་གསན། དེས་རྨོག་སྟོན་རྡོ་རྗེ་དཔལ་བཟང་ལ་གསུངས་ཏེ་མདོ་དབང་ཁམས་ལུགས་ཞེས་གྲགས་པའི་བརྒྱུད་པའོ། །