8766

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:58, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞན་དབང་ (1)
Part of speech མིང་ཚིག
Definition བྱ་བ་སོགས་རང་གི་འདོད་པ་ལྟར་བྱེད་དབང་མེད་པའི་དོན་ཏེ།
Example རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཞེས་པ་ལྟ་བུ།
གཞན་དབང་ (2)
Part of speech མིང་ཚིག
Definition མདོ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། གཞན་དབང་གི་མཚན་ཉིད། དེ་ལ་དབྱེ་ན དག་པའི་གཞན་དབང་དང། མ་དག་པའི་གཞན་དབང་གཉིས་ཡོད། མཚན་ཉིད་ནི། གཉགས་ཕུ་བས་མཛད་པའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། རྒྱུ་རྐྱེན་ལ་བརྟེན་ནས་གཟུང་འཛིན་དུ་སྣང་བའི་རྟེན་འབྲེལ་དང་། ཞེས་བྱུང་། དབྱེ་བ་ནི། དེ་ཉིད་ལས། གཞན་དབང་ལ་དག་པ་དང་མ་དག་པའི་གཞན་དབང་གཉིས་སོ། །དག་པའི་གཞན་དབང་ནི་གཟུང་འཛིན་དུ་སྣང་བའི་འཕགས་པའི་ལམ་རྣམས་སོ། །ཞེས་བྱུང་།
Domain ཆོས་ལུགས།