8980

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:00, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞི་ཆེན་དགོན་ (1)
Part of speech མིང་ཚིག
Definition དགོན་པ་འདི་ནི་ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་ཕྱི་ལོ་ ༡༦༦༤ ལོར་བཏབ། གྲུབ་ཀཿཐོག་དགོན་པའི་བུ་དགོན་ཡིན། གྲྭ་པའི་གྲངས་ཀ་ལ་ངེས་པ་ཆེར་མེད་ཀྱང་ཉུང་བའི་དུས་སུ་བརྒྱ་ཕྲག་གཅིག་དང་མང་པའི་དུས་སུ་སུམ་བརྒྱ་ཙམ་ཡོད་པར་གྲགས། དགོན་པའི་ནང་རྟེན་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྲས་ཆུང་བས་ཁྱེར་བའི་བཀའ་བརྒྱད་ཀྱི་ལི་སྐུ་གཏེར་མ་ཁྲུ་གང་བ། ཐུབ་པ་ཚུལ་ཁྲིམས་མ། གུ་རུ་ཟ་ཧོར་མ། དུས་གསུམ་སངས་རྒྱས། བདེ་གཤེགས་སོ་ལྔ། ལྷ་མོ་དབྱངས་ཅན་མ་སོགས་ཀྱི་ལི་སྐུ། རྒྱུ་གསེར་ཟངས་ལས་གྲུབ་པའི་གུ་རུ་གཙོ་འཁོར་ལྔ། ཆོས་རྒྱལ་མེས་དབོན་རྣམ་གསུམ། ཡེ་ཤེས་མཚོ་རྒྱལ། མནྡྷ་ར་བ། གུ་རུ་མཚན་བརྒྱད། ཐང་སྟོང་རྒྱལ་པོ། རྡོ་རྗེ་གྲོ་ལོད། བཀའ་འགྱུར་ཚར་གསུམ། བསྟན་འགྱུར་ཚར་གཅིག འབུམ་དངུལ་བྲིས་ཚར་བཅུ་གསུམ། རྙིང་མ་རྒྱུད་འབུམ། གཏེར་ཆོས་ལག་བྲིས་མ་དང་པར་མ་པོད་ཆིག་སྟོང་ཉིས་བརྒྱ་ལྷག་བཞུགས། ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད། སྨན་བླའི་མཆོད་པ། ཚེས་བཅུ། དབྱར་གནས། ངག་བཅད་མཚམས་སྒྲུབ་སོགས་ཡོད། ཕྱི་ལོ་ ༡༩༥༩ ལོར་དགོན་པའི་འདུ་ཁང་ནང་རྟེན་བཅས་རྨང་ནས་གཏོར། དེང་སྐབས་འདུ་ཁང་གཉིས་དང་གྲྭ་ཤག་བཅུ་གཉིས་ཙམ་གསར་བཞེངས་བྱས་ཡོད།