9066

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞི་ལ་སྦྱར་ནས་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག དེ་སྒྲུབ་ཀྱི་རྗེས་ཁྱབ་དང་དེ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་གང་ཡང་མ་ངེས་པའི་གཏན་ཚིགས་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པས་མཛད་པའི་རྟགས་རིགས་མཐའ་དཔྱོད་ལས། གཉིས་པ་མ་ངེས་པའི་གཏན་ཚིགས་བཤད་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས་། དང་པོ་ནི། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱང་ཡིན། སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པ་ཡང་ཡིན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
Domain ཚད་མ།