9077

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞི་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ཕྱི་ནང་ཆོས་ཇི་སྙེད་པ་བདག་མེད་པར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་ཞིག སྤངས་རྟོགས་ཉི་ཚེ་བར་གྱུར་པ། ས་མཚམས་ཐེག་དམན་འཕགས་པའི་རྒྱུད་ཁོ་ན་ལ་ཡོད་དོ། །ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །
Domain ཆོས་ལུགས།

{{#arraymap:གཞི་ཤེས་

|; |@@@ | | }}

གཞི་ཤེས་ (2)
Part of speech མིང་ཚིག
Definition གཞི་ཤེས་ཀྱི་མཚན་ཉིད་ནི། གཞི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང། གཉེན་པོ་གཞི་ཤེས་དང་གཉིས། གང་ཟག་གི་སྒོ་ནས་དབྱེ་ན། ཉན་ཐོས་ཀྱི། རང་རྒྱལ་གྱི། བྱང་སེམས་ཀྱི། སངས་རྒྱས་ཀྱི་གཞི་ཤེས་དང་བཞི་ལས། དང་པོ་གཉིས་ནི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གསུམ་པ་ནི་གཉེན་པོ་གཞི་ཤེས་ཡིན་ལ། བཞི་པ་ནི་དེ་གཉིས་གང་ཡང་མ་ཡིན་ནོ། །ལམ་གྱི་སྒོ་ནས་དབྱེ་ན། མཐོང་ལམ་དང་སྒོམ་ལམ་མི་སློབ་པའི་ལམ་གསུམ་མོ། །མཚོན་བྱེད་ཆོས་ཀྱི་སྒོ་ནས་དབྱེ་ན། ཤེས་པའི་སྲིད་ལ་མི་གནས་པའི་གཞི་ཤེས། སྙིང་རྗེས་ཞི་ལ་མི་གནས་པའི། འབྲས་བུ་ལ་ཉེ་བའི། དེ་ལ་རིང་བའི། མི་མཐུན་ཕྱོགས་ཀྱི། གཉེན་པོ་གཞི་ཤེས། གཞི་ཤེས་ཀྱི་སྦྱོར་བ། སྦྱོར་བའི་མཉམ་ཉིད། ཞུགས་འབྲས་མཐོང་ལམ་མོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །

{{#arraymap:གཞི་ཤེས་

|; |@@@ | | }}

གཞི་ཤེས་ (3)
Part of speech མིང་ཚིག
Definition རང་རྒྱུད་པ། གཞི་ཤེས་ཀྱི་མཚན་ཉིད་ནི། རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྐབས་འདིར་དངོས་སུ་བསྟན་པའི་མཁྱེན་པ་དེ། སྐབས་འདིར་དངོས་སུ་བསྟན་པའི་གཞི་ཤེས་ཀྱི་འཇོག་བྱེད་དུ་བྱེད་ཅིང། དབྱེ་ན། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དང། མི་མཐུན་ཕྱོགས་ཀྱི་གཞི་ཤེས་གཉིས་སུ་ཡོད། ས་མཚམས་འཕགས་ལམ་ཐོབ་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད།

{{#arraymap:གཞི་ཤེས་

|; |@@@ | | }}

གཞི་ཤེས་ (4)
Part of speech མིང་ཚིག
Definition ཇོ་ནང་། མདོར་ཐམས་ཅད་ཤེས་པ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་གསུངས་པ་ལྟར། དེས་ན་མཚན་ཉིད། མཚོན་བྱ། མཚན་གཞིི་ལས། དང་བོ་ནི། གཞི་གང་ཟག་གི་བདག་མེད་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་འཛིན་གྱི་བློ་འམ་གཞི་ཕུང་སྐྱེ་ཁམས་ཀྱི་ངོ་བོ་མཚན་ཉིད་དབྱེ་བ་སོགས་ཇི་བཞིན་ཏུ་རྟོགས་པའི་མཚན་འཛིན་གྱི་བློའམ་གཞི་ཕུང་སྐྱེ་ཁམས་ཀྱི་ངོ་བོ་མཚན་ཉིད་དབྱེ་བ་སོགས་ཇི་བཞིན་དུ་རྟོགས་པའི་མཚན་འཛིན་གྱི་བློ་གང་རུང་ཞེས་པ་ལ་རུང་མོད་ཀྱི་ད་ལྟ་གྲགས་པ་ལྟར་ན་མངོན་སུམ་གྱིས་རྟོགས་ཞེས་བསྣན་ནོ། །གཉིས་པ་ནི། གཞི་ཐམས་ཅད་མཉམ་བཞག་ཏུ་བདག་གཅིག་གམ་ཕྱེད་གཉིས་ཀྱིས་སྟོང་པར་ཤེས། རྗེས་ཐོབ་ཏུ་གཞི་ཕུང་སོགས་ཀྱི་དངོས་པོ་ངོ་བོ་མཚན་ཉིད་དབྱེ་བ་སོགས་ཕྱིན་ཅི་མ་ལོག་པར་ཤེས་པ་ཉིད་དོ། །གསུམ་པ་ནི། དེས་ན་ཉན་རང་གིི་ལམ་ལྔའམ། ཉན་རང་འཕགས་པ་ཁོ་ན་ལ་ཡོད་ཅིང་གཉེན་པོ་གཞི་ཤེས་ཞེས་པ་ནི་སྤང་བྱའི་མིང་གིས་བཏགས་པ་སྟེ་འདོད་ཁམས་ཀྱི་ལམ་བདེན་བཞིན་ནོ། ། ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་བ་ལས། གསུམ་པ་ཀུན་ཤེས་ལ། མཚན་ཉིད་དབྱེ་བ་ས་མཚམས་སོ། །གང་ཟག་གི་བདག་མེད་མངོན་སུམ་གྱིས་རྟོགས་པ་གང་ཞིག་སྤང་བ་ཉི་ཚེ་བར་འགྱུར་རོ། །གཉིས་པ་ནི། ཉན་རང་གི་ལམ་གཉིས་སམ་ཐེག་དམན་གྱི་ལམ་ལྔའོ། །གསུམ་པ་ནི་ཉན་རང་གི་ས་ཁོ་ན་ན་ཡོད་ཅིང་རྗེས་མཐུན་པ་མཁྱེན་པ་གཞན་གཉིས་ནའང་ཡོད་དོ། །

{{#arraymap:གཞི་ཤེས་

|; |@@@ | | }}

གཞི་ཤེས་ (5)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་ཡིག་ཆར། འཕགས་རྒྱུད་ཀྱི་མཁྱེན་པ་གང་ཞིག ཐེག་དམན་གྱི་མངོན་རྟོགས་ཀྱི་རིགས་སུ་གནས་པ་དེའོ། །སྤྱིར་རིགས་གནས་སྨོས་པའི་དགོས་པ་ནི། དེ་དང་དེའི་སྡེ་ཚན་སོ་སོར་གོ་བའི་ཕྱིར་དུ་ཡིན་ལ། ཁྱད་པར་དུ་སྨོས་པའི་དགོས་པ་ནི། རྒྱལ་པོའི་རིགས་སུ་སྐྱེས་པའི་བུ་རྣམས། རྒྱལ་པོའི་རིགས་སུ་གནས་ཀྱང༌། རྒྱལ་པོ་ཡིན་པས་མ་ཁྱབ་པ་བཞིན་དུ། ཐེག་ཆེན་པའི་རྒྱུད་ཀྱིས་སྡུས་པའི་གཞི་ཤེས་རྣམས་ནི་ཐེག་དམན་རང་རྒྱུད་ཀྱིས་སྡུས་པའི་མངོན་པར་རྟོགས་པ་ཡིན་པས་དེའི་རིགས་སུ་གནས་པ་ཡིན་ནོ། དེ་ལ་དབྱེ་ན། སློབ་པའི་རྒྱུད་ཀྱི་གཞི་ཤེས། མི་སློབ་པའི་རྒྱུད་ཀྱི་གཞི་ཤེས། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས། དེ་ལ་རིང་བའི་གཞི་ཤེས། གཉེན་པོ་ཕྱོགས་ཀྱི་གཞི་ཤེས། མི་མཐུན་ཕྱོགས་ཀྱི་གཞི་ཤེས། རྟེན་གྱི་སྒོ་ནས་དབྱེ་ན་ཉན་ཐོས་ཀྱི་གཞི་ཤེས། རང་རྒྱལ་གྱི་གཞི་ཤེས། ཐེག་ཆེན་གྱི་གཞི་ཤེས་རྣམས་ཡོད་དོ། ས་མཚམས་ནི། ཉན་ཐོས་ཀྱི་མཐོང་ལམ་ནས། སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །རྒྱུད་ལ་སྐྱེེས་པའི་དགོས་པ་ནི། གཞི་ཤེས་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། སེམས་ཅན་རྣམས་གཏིང་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་བསྒྲལ་སྟེ་ཐར་པ་རིན་པོ་ཆེའི་གླིང་དུ་འཁྲིད་ནས་ཟག་པ་མེད་པའི་དགའ་བ་དང༌། བདེ་བའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་འགོད་པར་མཛད་པའི་ཕྱིར་རོ།

{{#arraymap:གཞི་ཤེས་

|; |@@@ | | }}

གཞི་ཤེས་ (7)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཐེག་དམན་འཕགས་པའི་རྒྱུད་ཀྱི་མཁྱེན་པ་དང་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་མཁྱེན་པ་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། དེ་ལ་དབྱེ་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དང་གཉིས་སུ་ཡོད་ཅིང་། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང་། དེ་ལ་རིང་བའི་གཞི་ཤེས་གཉིས་སུ་ཡང་ཡོད། ས་མཚམས། ཉན་ཐོས་ཀྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:གཞི་ཤེས་

|; |@@@ | | }}

གཞི་ཤེས་ (7)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་འཕགས་རྒྱུད་ཀྱི་མཁྱེན་པ་གང་ཞིག ཐེག་དམན་གྱི་རྟོགས་རིགས་སུ་གནས་པ།

{{#arraymap:གཞི་ཤེས་

|; |@@@ | | }}